རང་ཞིང་གི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བཞི་བརྒྱ་དང་ཉེར་བདུན་ལ་སླེབས།

ཉེ་སྔོན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་སྐོར་ཐེངས་ལྔ་པའི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མིང་ཐོའི་ཁྲོད་བསྡོམས་པས་མི་གྱ་ལྔ་ཡོད། མིག་སྔའི་བར་དུ། རང་ཞིང་གི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བཞི་བརྒྱ་དང་ཉེར་བདུན་ལ་སླེབས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཡིག་ཐོག་སྙན་ཞུ་དང་ངོས་འཛིན་བྱེད་པའི་བྱ་བའི་དམིགས་འབེན་ནི། རང་ཞིང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། རང་ཞིང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གཞི་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་དང་གོང་འཕེལ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མ་ལག་རང་བཞིན་གྱི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། སྙན་ཞུ་དང་ངོས་འཛིན་བྱ་བ་དེ2024ལོའི་ཟླ་བཞི་པ་ནས་སྤེལ་མགོ་བརྩམས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་རིག་གནས་དང་གནས་སྐོར་ཅུའུ་དང་ཞིང་ཆེན་ཐད་གཏོགས་ལས་གཞི་སྲུང་སྐྱོབ་སྡེ་ཁག་གིས་ངོ་སྤྲོད་བྱེད་པ་དང་། ཞིང་ཆེན་གཟུགས་འདས་རིག་གནས་ཞིབ་དཔྱད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པས་ཞིབ་དཔྱད་བྱེད་པ། ཡིག་ཐོག་སྙན་ཞུ་བྱེད་མཁན་གྱིས་ཡུལ་དངོས་ནས་རྩོད་ལན་ཞུ་བ། ཞིང་ཆེན་གཟུགས་འདས་རིག་གནས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱི་ཐིན་དོན་ཚོགས་འདུའི་སྟེང་གྲོས་ཞིབ་བྱེད་པ། སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་དེ། མཇུག་མཐར་ཡིག་ཐོག་སྙན་ཞུའི་ཕུལ་བའི་མི་བརྒྱ་དང་ལྔ་བཅུའི་ཁྲོད་ནས་མི་གྱ་ལྔ་ངོས་འཛིན་བྱས་ནས་སྐོར་ཐེངས་ལྔ་བའི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མིང་ཐོ་ཁྲོད་བཞག

ཐེངས་འདིའི་ཡིག་ཐོག་སྙན་ཞུ་དང་ངོས་འཛིན་བྱ་བ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲོལ་ཡིག མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ངོས་འཛིན་དང་དོ་དམ་བྱེད་ཐབས་བཅས་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་སྤེལ་བ་དང་། གཙོ་བོར་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་རྩལ་ནུས་དང་ལས་ཞུགས་ལོ་ཚད། ལག་ལེན་ཉམས་མྱོང་རྒྱུན་འཛིན་བྱེད་པ། བསམ་བློ་ཀུན་སྤྱོད། ཡོན་ཚད། ལུས་པོའི་གནས་བབ་སོགས་ལ་དོ་སྣང་བྱས་ལ། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གཞི་ཁ་ཤས་ཁྲོད་ཀྱི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དཀོན་པ་དང་དཔུང་སྡེ་རྒན་འགྱུར། རྒྱུན་འཛིན་པའི་ཡོན་ཚད་མི་མཐོ་བ་སོགས་ཀྱི་གནད་དོན་ལ་མཐོང་ཆེན་བྱས་ནས། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན།

གོ་རིམ་རྗེས་མར། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཞབས་ཞུ་དང་གསོ་སྦྱོང་། དོ་དམ། དཔྱད་འཇོག་བྱ་བར་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། རྒྱུན་འཛིན་པས་སློབ་མ་ཁྲིད་དེ་རྩལ་ནུས་བརྒྱུད་སྤེལ་བྱེད་པ་དང་འགྲེམ་འཁྲབ་འགྲེམ་སྟོན་བྱེད་པ། གསོ་སྦྱོང་བརྗེ་རེས་བྱེད་པ། བརྒྱུད་སྒྲོག་ཁྱབ་གདལ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། འགན་སྒྲུབ་ནན་མོ་བྱེད་པ་དང་དྲང་སྲུང་གསར་གཏོད་བྱེད་པར་སྣེ་ཁྲིད་བྱས་ནས། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞིའི་མ་ལག་རང་བཞིན་གྱི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号