བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”དོན་འཁྱོལ་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་བ།
འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་ཁྱེར་དེ་ཡོངས་སུ་འགན་འཁྲི་གཙང་ལེན་ཁེབས་ཚད་100%ཟིན་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་སྤྱིའི་ལྟ་འདོམས་དང་དེ་བཞིན་བཟའ་བཅའི་བདེ་འཇགས་པ་བཀོད་སྒྲིག་བྱེད་ཚད་100%ཟིན་པ། བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་དང་ལས་འགན་གྱི་ཁས་ལེན་དམ་འཇོག་ཡི་གེ་སྐྱེལ་ཚད་100%ཟིན་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
གྲོང་ཁྱེར་དེ་ཡོངས་ཀྱི་ཟ་ཁང་བཙུགས་པའི་སློབ་གྲྭ་འབྲིང་ཆུང(བུ་བཅོལ་ཁང)973དུ“དྲ་སྦྲེལ+ཐབ་ཚང་ཕྱི་གསལ་ནང་གསལ”ཁེབས་ཚད་90%ཡན་ཟིན་ཡོད།
འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་ཚུན་དུ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”ལ་དམིགས་ནས། ཏང་སྲིད་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་བྱེད་པ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཆེད་དོན་བཅོས་སྒྲིག་ཟབ་ཏུ་གཏོང་བ། སྣ་མང་མཉམ་བཅོས་མཐའ་འཁྱོངས་བྱེད་པ། རིག་ནུས་ལྟ་འདོམས་ལ་སྐུལ་འདེད་གཏོང་བ། དཔྱད་གླེང་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ཐོག་ལེགས་འཕེལ་བྱུང་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་ཁྱེར་དེ་ཡོངས་སུ་འགན་འཁྲི་གཙང་ལེན་ཁེབས་ཚད་100%ཟིན་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་སྤྱིའི་ལྟ་འདོམས་དང་དེ་བཞིན་བཟའ་བཅའི་བདེ་འཇགས་པ་བཀོད་སྒྲིག་བྱེད་ཚད་100%ཟིན་པ། བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་དང་ལས་འགན་གྱི་ཁས་ལེན་དམ་འཇོག་ཡི་གེ་སྐྱེལ་ཚད་100%ཟིན་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཞིང་། ལྟ་སྐུལ་མཛུབ་ཁྲིད་བརྒྱུད་གནད་དོན་ཤེས་རྟོགས་ཐུབ་ཚད་དུས་ཚིགས་དང་པོའི་2.17%ནས་དུས་ཚིགས་གསུམ་པའི་5.65%བར་མཐོ་རུ་ཕྱིན་ནས་གནད་དོན་དག་ཐེར་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཚད་98%ཡན་ཟིན་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་རྒྱུན་མཐུད་ངང་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གྲོང་ཁྱེར་གྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་བཙུགས་ཤིང་། རིམ་ཁག་ཏང་སྲིད་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཏང་སྲིད་འགན་འཁྲི་གཅིག་མཚུངས་སྒྲུབ་པ་དང་། རིམ་ཁག་འགན་འཁྲི་གཙང་ལེན་ལས་བྱེད་པས་རྒྱུན་རྣམ་ཅན་གྱི་འགན་འཁྲི་བསྒྲུབ་རྒྱུར་གོང་དཔེ་འོག་སྟོན་དང་དཔེ་སྟོན་སྐུལ་ཁྲིད་ཀྱིས་གྲོང་ཁྱེར་དེ་ཡོངས་ཀྱི་ལས་བྱེད་པའི་འགན་འཁྲི་གཙང་ལེན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་ཁྲི་1.28ཀྱིས་ཁེ་ལས་ལ་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་རིགས་དབྱེ་མཛུབ་ཁྲིད་བྱེད་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་སྤྱིའི་ལྟ་འདོམས་པ་3701དང་བཟའ་བཅའི་བདེ་འཇགས་པ་10075བཀོད་སྒྲིག་བྱས་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་ཁྲིམས་སྒྱུར་གྱོད་དོན་ཞིབ་གཅོད་ནན་པོ་བྱས་ཏེ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་མངོན་གསལ་དོད་དུ་བཏང་ནས། འདི་ལོར་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་406གྲལ་བཤེར་བྱས་པ་དང་། སློབ་གྲྭ་13ལ་སྐོང་འདྲི་བྱས་པ། གྱོད་དོན་ཐོ་འགོད་ཀྱི་གནད་དོན་ཁག་59ཞིབ་བཤེར་ཐག་གཅོད་བྱས་པ། དཔེ་མཚོན་གྱོད་དཔེ་ཁག་5བརྡ་ཁྱབ་བཏང་བ། སྒྲིག་སྲོལ་དང་ལམ་ལུགས་ཁག་5བཙུགས་པ། སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་ལ་གྱོད་གཞིའི་ཁུངས་སྣེ་ཁག་6བསྐྱལ་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་ལས་དོན་སྔར་བས་ཚད་ལྡན་དུ་བཏང་ཡོད། ཤ་རིགས་ཐོན་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་བཅོས་སྒྲིག་མངོན་གསལ་དོད་དུ་བཏང་ནས། ཁྲོམ་རའི་བྱེད་པོ་275ལ་ཞིབ་བཤེར་བྱས་པར་གནད་དོན་ཁག་76ཤེས་རྟོགས་ཐུབ་པ་དང་། གྱོད་དོན་ཐོ་འགོད་ཀྱི་གནད་དོན་ཁག་13ཞིབ་བཤེར་ཐག་གཅོད་དང་ཤའི་ཐོན་རྫས་ཁག་288འཐེན་བཤེར་བྱས་ཡོད། སྤྱི་ཚོགས་ཀྱི་བཟའ་འཐུང་ཞབས་ཞུར་གཅིག་སྡུད་བཅོས་སྒྲིག་བྱས་ཤིང་། ཇ་ཁང་ཆེ་འབྲིང་100%ལ་རིམ་སྤོར་བྱ་རྒྱུའི་དམིགས་ཚད་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་ལྟ་འདོམས་སྡེ་ཚན་དང་སྤྱི་བདེ་སྡེ་ཚན་གྱི་སྲིད་འཛིན་དང་ཉེས་དོན་ཕྱོགས་གཉིས་སྦྲེལ་མཐུད་ལས་དོན་ལ་སྐུལ་འདེད་བཏང་ནས་བཟའ་བཅའི་བདེ་འཇགས་ཀྱི་གྱོད་གཞིའི་ཁུངས་སྣེ་ཁག་2བསྐྱལ་ཏེ་བཟའ་བཅའི་ཐོན་སྐྱེད་གཉེར་སྐྱོང་གི་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད།
བཅོས་སྒྲིག་གི་ཆུ་ཚད་མཐོ་རུ་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་རིག་ནུས་ལྟ་འདོམས་མ་ལག་གཙོ་གནད་ཐོག་བཙུགས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཟ་ཁང་བཙུགས་པའི་སློབ་གྲྭ་འབྲིང་ཆུང(བུ་བཅོལ་ཁང)973དུ“དྲ་སྦྲེལ+ཐབ་ཚང་ཕྱི་གསལ་ནང་གསལ”ཁེབས་ཚད་90%ཡན་ཟིན་ཡོད། དེའི་ཁྲོད་གྲོང་ཁྱེར་གྱི་རིམ་པ་འདི་གའི་སློབ་གྲྭ་10རུ་A1རིག་ནུས་ལྟ་འདོམས་ཐུབ་ནས་རིག་ནུས་ཅན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། “རིག་ནུས་ཞིང་ལས་ཐོན་རྫས་ཁྲོམ་རའི”ལྟ་འདོམས་མ་ལག་བཙུགས་ནས“འཛུལ་འཕྲལ་ཞིབ་བཤེར་བྱེད་པའི”རྩ་དོན་གཞིར་བཟུང་བཟའ་བཅའི་ཞིང་ལས་ཐོན་རྫས་ཁག་ཐེངས་ཁྲི་1.6ལྷག་ཙམ་ལ་ཞིབ་བཤེར་ཚད་ལེན་བྱས་པས། ཞིང་ལས་ཐོན་རྫས་ཁྲོམ་རའི་བཟའ་བཅའི་བདེ་འཇགས་འགན་ལེན་ནུས་ལྡན་བྱུང་ཡོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注