མཚོ་སྔོན་གྱིས་ཁྱིམ་ཚང་སྨན་པའི་གན་རྒྱའི་ཞབས་ཞུར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་བླངས།

ཟླ11ཚེས28ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཞི་རིམ་ཟི་ཡིས་ཟི་ལིང་གྲོང་ཁྱེར་དུ་ས་ཁུལ་ཁ་ཤས་ཀྱི་ཁྱིམ་ཚང་སྨན་པའི་གན་རྒྱའི་ཞབས་ཞུའི་ལས་དོན་གྱི་ཡུལ་དངོས་འགྲེམ་སྦྱོར་ཚོགས་འདུ་འཚོགས་པ་དང་། ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་པའི་ཞབས་ཞུ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་ཞིབ་འཇུག་གྲོས་སྡུར་བྱས།

 ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས། 2017ལོའི་ཟླ7པར། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་པའི་ཞབས་ཞུའི་ལས་དོན་སྤེལ་མགོ་བརྩམས། 2023ལོའི་ཚུན་དུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་དྲུག་གི་སྤྱིའི་བླང་བྱ་དང་། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་དོ་སྣང་དྲུག་དོན་འཁྱོལ་བྱེད་པ། ནད་བཅོས་ལྟེ་བར་འཛིན་པ་དེ་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པར་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་ནུས་ལྡན་སྒོས་སྐོང་ཐུབ་བྱས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་ཁྱིམ་ཚང་སྨན་པའི་ཞབས་ཞུའི་ཚོགས་ཁག2308བཙུགས་ཡོད་ལ། གན་རྒྱའི་སྤྱིའི་མི་གྲངས་ས་ཡ་བཞི་འབུམ་གཅིག་ཁྲི་ལྔ་དང་སྟོང་དྲུག་སུམ་བརྒྱ་ཡོད་ཅིང་། གན་རྒྱའི་ཁེབས་ཚད་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་བརྒྱད་ལྔ་རེད། གཙོ་གནད་མི་ཚོགས་ཀྱིས་གན་རྒྱའི་སྤྱིའི་མི་གྲངས་ས་ཡ་གཅིག་དང་འབུམ་བདུན་ཁྲི་དྲུག་དང་ཉིས་སྟོང་ལྔ་བརྒྱ་ཡིན་ལ། གན་རྒྱའི་ཁེབས་ཚད་བརྒྱ་ཆའི་གྱ་དྲུག་དང་གྲངས་ཆུང་གྱ་བཞི་རེད། ལོ་རེ་ལྔའི་ཡན་གྱི་རྒྱུན་སྡོད་སྡོད་དམངས་ཀྱི་གན་རྒྱའི་སྤྱིའི་མི་གྲངས་འབུམ་བཞི་ཁྲི་བརྒྱད་དང་སྟོང་བརྒྱད་ཉིས་བརྒྱར་སླེབས་ཤིང་། གན་རྒྱའི་ཁེབས་ཚད་བརྒྱ་ཆའི་གྱ་གཉིས་དང་གྲངས་ཆུང་དགུ་གཉིས་རེད་ཅེས་མཚམས་སྦྱོར་བྱས།

ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱིས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བར་དམིགས་ཏེ་ལག་རྩལ་དགེ་མཚན་འདོན་སྤེལ་བྱས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཁུལ་ཁོངས་ནང་ཁུལ་གྱི་རིམ་པ་གཉིས་པ་དང་གསུམ་པའི་སྨན་ཁང་བར་འགུལ་རྣམ་མཐུན་སྦྱོར་གྱི་འབྲེལ་བ་བཙུགས་ཏེ། ཆེད་ཚན་སྨན་པ་གདན་ཞུ་བྱས་ཏེ་དུས་ལྟར་གཞི་རིམ་དུ་སོང་ནས་མཉམ་འབྲེལ་སྒོ་བསྟེན་དང་། སྐུལ་ཁྲིད། གན་རྒྱ་འཇོག་པའི་ཞུབས་ཞུའི་ལས་དོན་སྤེལ། ཆེད་ཚན་འཛུགས་པར་ཤུགས་སྣོན་དང་དོ་སྣང་བྱས་ཏེ་ཞབས་ཞུའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་། སྨན་ཁང་གཅིག་ལ་སྲིད་ཇུས་གཅིག་བཙུགས་ཏེ་ཀྲུང་བོད་སྨན་རྫས་དང་། བདེ་ཐང་སླར་གསོ། ཁམས་གསོ་བཅོས་སྐྱོང་སོགས་ཁྱད་ལྡན་ཚན་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱས་ནས། གན་རྒྱའི་ཞབས་ཞུའི་ནང་དོན་སྣ་མང་ཅན་དུ་བཏང་། སྡེ་ཁག་བར་གྱི་མཉམ་ལས་ལ་དོ་སྣང་བྱས་ཏེ། འགན་སྲུང་རྐྱེན་སྲོལ་འཐུས་ཚང་བཙུགས། ནོར་སྲིད། མི་ཤུགས་དང་སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་སྲུང་སྡེ་ཁག་དང་མཉམ་ལས་བྱས་ཏེ་བྱ་བའི་རྐྱེན་སྲོལ་ལེགས་བཅོས་བྱས་ཤིང་། གན་རྒྱའི་ཞབས་ཞུའི་བསྡུ་དངུལ་ཚད་གཞི་གཏན་ཁེལ་གསལ་བོ་བྱས།

ཁུལ་ཁོངས་ཀྱི་ཁྱད་ཆོས་དང་དགོས་མཁོར་དམིགས་ཏེ་རང་ངོས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ཀྲུང་བོད་གསོ་རིག་ལ་འཚམ་པའི་ལག་རྩལ་དེ་ཁྱིམ་ཚང་སྨན་པའི་གན་རྒྱའི་ཞབས་ཞུའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། རིམ་བགར་བརྟག་བཅོས་ལམ་ལུགས་འཛུགས་པར་རོགས་འདེགས་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དུ་ཀྲུང་བོད་སྨན་ཁང་གི་ཡོངས་ཁེབས་རྣམ་པ་མངོན་འགྱུར་བྱས་ཏེ། བརྒྱ་ཆའི་བརྒྱ་ཡི་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་གྲོང་རྡལ་དང་ཡུལ་ཚོའི་འཕྲོད་བསྟེན་ཁང་དུ་ཀྲུང་བོད་གསོ་རིག་ཞབས་ཞུ་འདོན་སྤྲོད་ཐུབ་པ། མཇུག་འབྲས་དཔྱད་འཇོག་ལ་དོ་སྣང་བྱས་ཏེ་ཚད་འཛིན་ཕན་ནུས་མངོན་གསལ་དུ་གཏོང་བ། ཁྱིམ་ཚང་སྨན་པའི་གྲུབ་འབྲས་དཔྱད་ཞིབ་བྱ་བ་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཀོད་ཀྱི་གཙོ་གནད་བྱ་བའི་ལས་འགན་དུ་བརྩིས་ཏེ། གྲུབ་འབྲས་དཔྱད་ཞིབ་ཀྱི་ཁྲིད་ཕྱོགས་བྱེད་ནུས་ལ་བརྟེན་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་གན་རྒྱའི་ཞབས་ཞུའི་ནུས་པ་དང་བཅོས་སྒྱུར་ཞབས་ཞུའི་སྤུས་ཚད་མུ་མཐུད་མཐོར་འདེགས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། མང་ཚོགས་ཀྱི་ཡིད་ཚིམ་ཚད་ལ་དོ་སྣང་བྱས་ཏེ། ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号