མཚོ་ནུབ་ཁུལ་གྱིས་གློད་སྡོམ་ཞབས་གསུམ་གྱི་བཅོས་བསྒྱུར་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱས།

ད་ལོར། མཚོ་ནུབ་ཁུལ་གྱིས་གློད་སྡོམ་ཞབས་གསུམ་གྱི་བཅོས་བསྒྱུར་གཙོ་ཐིག་ལ་དམ་དུ་དམིགས་ནས། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐུལ་ཁྲིད་ནུས་པ་གཙོ་བོར་བརྩིས་པ་དང་། རྒྱལ་ཡོངས་གསལ་ཁྲ་གཅིག་ལག་བསྟར་བྱེད་རྒྱུ་དེ་དམིགས་འབེན་དུ་བྱས་ལ། ལྷོད་འཇུག་དང་མྱུར་སྒྲུབ། དམངས་བདེ་ཡིས་མཆན་འགོད་ཞབས་ཞུ་ལག་བསྟར་བྱས་པ་དང་། ཚོང་གཉེར་གཙོ་གཞིའི་ཐོ་འགོད་རིགས་ཀྱི་སྲིད་འཛིན་མཆན་འགོད་དོན་བྱ་ལེགས་སྒྲིག་བྱས་ལ། ཐོ་འགོད་བརྒྱུད་རིམ་སྟབས་བདེ་རུ་བཏང་བ་དང་། དྲ་ཐོག་ནས་མཉམ་སྒྲུབ་བྱས་པ་མ་ཟད་ཞིང་ཆེན་བརྒལ་ནས་མཉམ་སྒྲུབ་བྱེད་པའི་ཁྱབ་ཁོངས་རྒྱ་སྐྱེད་དེ། བསྒྲུབ་པའི་དུས་ཚོད་དེ་ཉིན་གཉིས་ནས་ཉིན་གཅིག་ཏུ་ཇེ་ཉུང་ལ་བཏང་བ་དང་། ཐོ་འགོད་ལས་ཆོད་ཇེ་མཐོར་བཏང་ལ། ཁེ་ལས་ཕྱིར་འབུད་ཀྱི་མ་རྩ་ཇེ་དམའ་རུ་བཏང་ནས། ནང་འཇུག་ཕྱིར་འབུད་སྟབས་བདེ་རུ་བསྒྱུར་བ་མངོན་འགྱུར་བྱས།

ལྟ་སྐུལ་དོ་དམ་ཕན་ནུས་ཇེ་དྲག་ཏུ་བཏང་བ་དང་། མཉམ་འབྲེལ་འཐེན་ཞིབ་ཁྱབ་ཁོངས་རྒྱ་སྐྱེད་པ་བརྒྱུད་དེ། ལྟ་སྐུལ་དོ་དམ་གྱི་དོན་བྱ་བརྒྱ་དང་ང་དྲུག་ཏུ་ཇེ་ཉུང་ལ་བཏང་བ་དང་། མཉམ་འབྲེལ་འཐེན་ཞིབ་ཁྱབ་ཁོངས་སོ་ལྔའི་ནང་དོན་བརྒྱ་དང་བཞི་ལ་ཁེབས་པར་བྱས། ཚོང་གཉེར་གཙོ་གཞིའི་མཛོད་དང་འཐེན་ཞིབ་བྱེད་ཡུལ་གྱི་མཛོད། ལྟ་སྐུལ་ཁྲིམས་འཛིན་མི་སྣའི་མཛོད་འཐུས་ཚང་དུ་བཏང་ནས། སྡེ་ཁག་གི་འཐེན་ཞིབ་དང་མཉམ་འབྲེལ་འཐེན་ཞིབ་ལས་འགན་ནུས་པ་ལྡན་པའི་སྒོ་ནས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས་པ་དང་། ཡོངས་འགྲུབ་བྱེད་ཚད་བརྒྱ་ཆའི་དགུ་བཅུ་ལས་བརྒལ། ཡིད་རྟོན་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་དང་། ཕྲེང་འབྲེལ་ཡོངས་ཀྱི་ཡིད་རྟོན་ལྟ་སྐུལ་ཞབས་ཞུ་རྐྱེན་སྲོལ་བཙུགས་ལ། ཉེན་ཁ་རིགས་བགོས་རིམ་དབྱེའི་ལྟ་སྐུལ་དོ་དམ་ལག་བསྟར་བྱས། མིག་སྔར། ཁུལ་ཡོངས་ཀྱི་ཚོང་གཉེར་གཙོ་གཞིའི་ཡིད་རྟོན་ཉེན་ཁ་རིགས་བགོས་གསལ་བོ་བྱས་པ་དང་། ཉེན་ཁ་དམའ་བའི་ཟིན་ཚད་བརྒྱ་ཆའི་སོ་དགུ་དང་གྲངས་ཆུང་ལྔ་སླེབས་ལ། ཡིད་རྟོན་ཆ་འཕྲིན་སྟོང་བཞི་དང་བཞི་བརྒྱ་བརྒྱད་ཅུ་ལྷག་སླར་གསོ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号