གཅིག་སྒྲིལ་རྫོང་གིས་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་།
ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་དམ་ཚགས་ཅན་གྱི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས་ཏེ། ཏང་སྲིད་ཀྱིས་གཙོ་ཁྲིད་དང་། སྡེ་ཁག་གིས་མཉམ་འབྲེལ། ཐོན་ཁུངས་མཉམ་འདུས། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་ཐབས་ལམ་གསར་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་བསྡུ་སྒྲིག་གཏིང་ཟབ་བྱས་ཏེ། སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་ཤུགས་བརྒྱབ་ནས་མང་ཚོགས་ཀྱི་ཐག་ཉེ་སར་སྔར་ལས་དྲང་གཞག་དང་མ་ལག་རྒྱུན་མཐུད་ཀྱི་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱས།
རྫོང་མི་དམངས་སྨན་ཁང་གིས་རྫོང་གི་སྨན་བཅོས་ཐུན་མོང་ཚོགས་པའི་སྤྱི་ཁྱབ་སྨན་ཁང་བཙུགས་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་རྫོང་གི་བུད་མེད་འཆར་ལྡན་བུ་སྐྱེས་ལྟེ་གནས་བཅས་ཁོངས་གཏོགས་ཡིན་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་ལས་དམ་ཟབ་ཅན་དུ་འགྱུར་བ་དང་། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གི་ཡོན་ཀྲང་གིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ། རྫོང་རིམ་པ་གསུམ་གྱི་འཕྲོད་བསྟེན་ལས་དོན་ལ་གཅིག་གྱུར་གྱིས་དོ་དམ་བྱེད་པ། གཞུང་སྒྲུབ་ཁང་གཅིག་ཏུ་ཚན་ཁག་བཞི་བཙུགས་ནས། གཅིག་སྒྲིལ་རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བའི་ལག་བསྟར་ཇུས་གཞི་བཏོན་ནས་རྩ་འཛུགས་ཀྱི་སྒྲིག་གཞི་འཐུས་ཚང་དང་། གཅིག་གྱུར་དོ་དམ། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་པའི་དུས་མཚུངས་སུ་རྫོང་ཨུ་ཡིས་གཅིག་འདོམས་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། ལུས་ཁམས་བདེ་སྲུང་གི་སྣེ་ཁྲིད་པ། སྡེ་ཁག་གིས་མཉམ་འབྲེལ་བྱེད་པ། རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ཀྱིས་མཉམ་དུ་ཤུགས་རྒྱག་པ། མཉམ་དུ་སྐུལ་འདེད་གཏོང་བ་བཅས་ཀྱི་རོགས་ལས་ནང་རྐྱེན་འཛུགས་དགོས། རྫོང་དང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་སྡེབ་སྒྲིག་བྱས་ནས་རྫོང་མི་དམངས་སྨན་ཁང་གིས་སྣེ་ཁྲིད་དེ་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་འགག་རྩར་བྱས་ཏེ་སྡེ་བའི་འཕྲོད་བསྟེན་ཁང་རྨང་གཞིར་བྱེད་པའི་རིམ་པ་གསུམ་གྱི་མཉམ་འགུལ་དང་། ཐོན་ཁུངས་མཉམ་སྤྱོད་སྨན་བཅོས་ཞབས་ཞུའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
མིག་སྔའི་བར་དུ། གཅིག་སྒྲིལ་རྫོང་གིས་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དྲུག་གི་རིམ་སྤོར་སྒྱུར་བཀོད་དང་སྡེ་བ་ཉེར་གཉིས་ཀྱི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་ལེགས་གྲུབ་བྱས་ཡོད། དྲ་སྦྲེལ་དང་ཁྱིམ་ཚང་སྨན་པས་གན་རྒྱ་འཇོག་པའི་ཞབས་ཞུས་སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་མང་ཚོགས་ཀྱི་སྨན་པ་བསྟེན་དགོས་པའི་དགོས་མཁོ་བསྐངས་ཡོད་པ་དང་། རྫོང་ཁོངས་ཀྱི་སྨན་ཁང་དུ་བསྡད་པའི་ཚད་ཀྱི་བསྡུར་ཚད་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྒོ་བསྟེན་སྨན་བཅོས་མི་སྣའི་ཚད་ཀྱི་བསྡུར་ཚད་དང་ནད་པ་གནས་སྤོ་བྱེད་ཚད་མཐོ་རུ་བཏང་སྟེ། ས་གནས་དེ་གའི་མང་ཚོགས་ཀྱི་ནད་ལྕི་མོ་རྫོང་ནས་སྨན་བཅོས་བྱེད་ཐུབ་པ་དང་ནད་ཡང་མོ་ཡུལ་ཚོ་ནས་སྨན་བཅོས་བྱེད་ཐུབ་པ་རིམ་བཞིན་མངོན་འགྱུར་བྱེད་བཞིན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注