ཡུས་ཧྲུའུ་ཡི་གཟུགས་འདས་རིག་གནས་ཤུལ་བཞག་འཁྲབ་སྟོན་བྱ་འགུལ་དེ་པེ་ཅིང་དུ་སྤེལ།

ཟླ11པའི་ཚེས24ཉིན། རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་ལས་ཡུས་ཧྲུའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་ཕུལ་བྱུང་གྲུབ་འབྲས་བརྗོད་དོན་དུ་བྱས་པའི་ཡུས་ཧྲུའུ་ཡི་གཟུགས་འདས་རིག་གནས་ཤུལ་བཞག་འཁྲབ་སྟོན་བྱ་འགུལ་དེ་རྒྱལ་ཡོངས་ཞིང་ལས་འགྲེམ་སྟོན་ཁང་ནས་སྤེལ་བ་དང་། པེ་ཅིང་གི་ལྟད་མོ་པར་མཐོ་སྒང་གི་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས།

ཐེངས་འདིའི་གཟུགས་འདས་རིག་གནས་ཤུལ་བཞག་འཁྲབ་སྟོན་བྱ་འགུལ་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་གཙོ་སྒྲུབ་བྱས། ཆང་གཞས་ཤིག་དང་བསྡོངས་ནས་བྱ་འགུལ་གྱི་འགོ་བརྩམས་པ་དང་། དེའི་རྗེས། ཡུས་ཧྲུའུ་ཡི་གླུ་གར་དང་གཙང་གསུམ་བརྩེ་བ་སོགས་ཡུས་ཧྲུའུ་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་གླུ་གར་ལ་བརྟེན་ནས་དྲ་ངོས་དང་ཡུལ་དངོས་ཀྱི་ལྟད་མོ་པ་མང་པོས་ཡུལ་ཧྲུའུ་ཡི་ཡུལ་སྲོལ་དང་ཁམས་པའི་རིག་གནས་ལ་རྒྱུས་ལོན་རགས་ཙམ་བྱས།

ཡུས་ཧྲུའུ་ལ་གཟུགས་འདས་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པ་ཡོད་ཅིང་། 2017ལོར་རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་ལས་ཡུས་ཧྲུའུ་ཡི་སྐྱེ་ཁམས་ཚོད་ལྟའི་ཁུལ་བཙུགས་པ་དང་། བྱེད་ཐབས་འདིར་བརྟེན་ནས་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་ལེགས་པོ་བྱས་པར་མ་ཟད། ས་གནས་རང་གི་རིག་གནས་རྒྱུད་འཛིན་བྱེད་པ་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། ཐེངས་འདིའི་འཁྲབ་སྟོན་དེ་འགོ་རྩོམ་པ་དང་། ལེའུ་དང་པོ་ཚེ་སྲོག་གི་འབྱུང་ཁུངས། ལེའུ་གཉིས་པ་རིག་གནས་ཀྱི་བླ་སྲོག ལེའུ་གསུམ་པ་མཚར་སྡུག་གི་གཙང་གསུམ་འབྱུང་ཡུལ། མཇུག་སྡུད་པ་བཅས་ཁག་ལྔ་ཡིས་གྲུབ་པ་དང་། ཡུས་ཧྲུའུ་ཁུལ་མི་རིགས་གླུ་གར་ཚོགས་པས་ཡུས་ཧྲུའུ་ཡི་རས་པའི་བྲོ་དང་དམངས་གླུ་སོགས་ཡུས་ཧྲུའུ་ཡི་མཚོན་བྱེད་རང་བཞིན་ལྡན་པའི་ལེ་ཚན་བཅུ་གསུམ་བདམས་ནས་འཁྲབ་སྟོན་བྱས།

ཐེངས་འདིའི་ཡུས་ཧྲུའུ་ཡི་གཟུགས་འདས་རིག་གནས་ཤུལ་བཞག་འཁྲབ་སྟོན་བྱ་འགུལ་གྱིས་ཡུས་ཧྲུའུ་ཡི་རིག་གནས་དར་སྤེལ་བཏང་ཞིང་། ས་ཁོངས་རིག་གནས་བརྗེ་རེས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བར་བྱེད་ནུས་གལ་ཆེན་ཐོན་པ་དང་། ཡུས་ཧྲུའུ་ཡི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཚད་དང་མིང་གྲགས་ཚད་ཇེ་ཆེར་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号