ཐེམ་ཆེན་རྫོང་གིས་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བ་བཟང་བོར་བསྒྲུབས།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་སྤྱི་བདེ་ཅུའུ་ཡིས་ནགས་ཚལ་ཉེན་རྟོག་པའི་རུ་ཁག་དང་ཁོངས་གཏོགས་ས་ཁུལ་གྱི་མངག་གཏོང་ཁང་དེ་མཁྲེགས་གཏོར་སྟོབས་ཤུགས་སུ་བརྩིས་ནས། སྔོན་འགོག་གཙོར་འཛིན་པ་དང་འགོག་གསོད་ཟུང་འབྲེལ་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཁོངས་གཏོགས་ས་ཁུལ་ནང་གི་ཁུལ་ཁོངས་གཙོ་བོ་དང་མེ་སྐྱོན་འབྱུང་སླ་སར་དུས་ལྟར་ཞིབ་བཤེར་དང་སྐོར་ཞིབ་བྱེད་པ། རླངས་འཁོར་བཀོལ་ནས་སྐོར་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གྲལ་བཤེར་དང་བདེ་འཇགས་སྐོར་སྲུང་བྱས་ནས། འགོ་ཁུངས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་ཆེན་པོ་ལ་འགོག་ཟོན་བྱས།
ངོ་སྤྲོད་ལྟར་ན། རྫོང་ཡོངས་ཀྱི་རྩྭ་སའི་མེ་སྐྱོན་འབྱུང་ཉེན་ཆེ་བའི་ས་ཁུལ་ལ་ཁ་གཏད་དེ། ཐེམ་ཆེན་རྫོང་སྤྱི་བདེ་ཅུའུ་ཡིས་འགན་ནུས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས། ས་དེའི་འབྲོག་ཁྱིམ་གྱིས་ཕྱུག་ཟོག་ལྗང་གསོ་ཁུལ་དུ་འཚོ་བར་སྐུལ་འདེད་བཏང་བ་དང་། དེར་བརྟེན་ནས་རྩྭ་སའི་མེ་སྐྱོན་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་བཏང་། རླངས་འཁོར་བསྐོར་ནས་སྐོར་ཞིབ་བྱེད་པ་དང་རྐང་ཐང་ལ་སྐོར་ཞིབ་བྱེད་པ། མི་མེད་གནམ་གྲུར་བརྟེན་ནས་སྐོར་སྲུང་བྱེད་པའི་རྣམ་པ་བརྒྱུད་དེ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཐེམ་ཆེན་ས་ཁུལ་དང་མུ་རའི་རྩྭ་འདེབས་ལྗང་གསོ་ཁུལ་སོགས་ནགས་ཚལ་རྩྭ་སའི་མེ་སྐྱོན་འབྱུང་སླ་སར་ཕྱོགས་ཡོངས་ནས་སྐོར་ཞིབ་གྲལ་བཤེར་བྱས།
དམིགས་བསལ་དུས་སྐབས་ཀྱི་ཕྱི་རོལ་མེ་བཀོལ་གྱི་ཁྱད་ཆོས་དང་། སྤོས་གཏུལ་བ་དང་གཤིན་པོར་ཤོག་བུའི་དོང་ཙེ་སྲེག་པ། ཤོག་སྦག་སྦར་བ་སོགས་ཀྱི་མེ་བཀོལ་སྤྱོད་བྱེད་ཚུལ་ལ་ཁ་གཏད་དེ། སྤྱི་བདེ་ལས་ཁུངས་ཀྱི་ནགས་ཚལ་རྩྭ་སའི་མེ་འགོག་མེ་གསོད་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། མེ་འབར་སའི་ཉེན་ཟོན་དང་འགྲིམ་འགྲུལ་ལམ་སྟོན། བདེ་སྐྱོང་སྲུང་སྐྱོབ། མེ་སྐྱོན་གྱོད་གཞི་རྩད་གཅོད་སོགས་ཀྱི་བྱ་བ་ལག་བསྟར་བཟང་བོ་བྱས། དྲིལ་སྒྲོག་ཡོ་བྱད་དང་ཐབས་ལམ་སྣ་ཚོགས་བཀོལ་བ་དང་། གཏན་ཁེལ་རང་བཞིན་གྱི་དྲིལ་སྒྲོག་དང་སྐོར་བསྐྱོད་དྲིལ་སྒྲོག སྒོ་ཁྱིམ་དུ་བསྐྱོད་ནས་དྲིལ་སྒྲོག་བྱེད་པ་བཅས་མཉམ་འབྲེལ་བྱས་པའི་རྣམ་པ་སྤྱད་དེ། མེ་འགོག་ཤེས་བྱ་ནགས་ཁུལ་དང་འབྲོག་ཁུལ་སོགས་སུ་བསྐྱོད་པའི་བསྐྱོད་པ་བརྒྱད་ཀྱི་བྱ་བ་བཟང་བོ་སྤེལ་བ་མ་ཟད། དཔེ་མཚོན་གྱོད་གཞི་ལ་ཟུང་འབྲེལ་བྱས་པ་དང་། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་གསལ་བོ་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注