ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > «བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི“ལོ་ཟུང་བྱ་དགའ”སྐབས་བཞི་པ་སྤྲོད་པའི་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད།
བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་དང་བོད་ལྗོངས་སློབ་ཆེན་གྱིས་གཙོ་གཉེར་བྱས་ཤིང་། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་ཁང་དང་བོད་ལྗོངས་སློབ་ཆེན་རིག་རྩལ་དཔྱད་བརྗོད་རྟེན་གཞི་གཉིས་ནས་འགན་གཉེར་བྱས་པའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»“ལོ་ཟུང་བྱ་དགའ”སྐབས་བཞི་པ་སྤྲོད་པའི་མཛད་སྒོ་དང་། བོད་ཀྱི་རྩོམ་པ་པོ་གྲགས་ཅན་གླང་མདུན་དཔལ་འབྱོར་གྱི་སྒྱུ་རྩོམ་དགོངས་པའི་དཔྱད་གླེང་། བོད་ཀྱི་སྐྱེ་ཁམས་རིག་རྩལ་མཛེས་རྟོག་དགོངས་པའི་དེང་རབས་རིན་ཐང་གི་དཔྱད་གླེང་། འབྲོག་བཟའ་སྐྱིད་ཀྱི་བརྩམས་ཆོས་དཔྱད་གླེང་བཅས་རྩོམ་རིག་བྱེད་སྒོ་ཁག་བཞི་དེ་ཚེས༡༦དང༡༧ཉིན་ལ་ལྷ་སའི་ཉི་འོད་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས།
ཚོགས་འདུའི་སྟེང་བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་དཔལ་ལྡན་དང་བསྟན་པ་ཡར་རྒྱས། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོན་གྲུབ་ཚེ་རིང་། ན་རོ། ར་ས་བསྟན་འཛིན་ཆོས་གྲགས། དེ་མིན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐྱ་ཙ་ཡོན་ཏན་ནམ་ངལ་རྫི། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་གཞོན་དཔལ་ལྡན་རྒྱ་མཚོའམ་མདོ་སྨད་ཧེ་རུ་ཀ། ལྷ་ས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གླིང་གི་དགེ་རྒན་ཆེན་མོ་བྱ་གཞུང་དབྱངས་བྷ་སོགས་ཐེངས་འདིའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་འབྲེལ་བའི་དཔྱད་གླེང་ཁག་གི་བྱེད་སྒོར་མཉམ་ཞུགས་གནང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注