ཐུན་ཏེ་རྫོང་ཞོལ་མ་ཡུལ་ཚོའི་ཉིན་ལུང་སྡེ་བས2024ལོའི་འབྲུ་རིགས་ཀྱི་ཁེ་སྤོགས་བགོ་བཤའ་བྱས།

འབྲུ་རིགས་སྣ་ལྔ་ལོ་ལེགས་བྱུང་ནས་ལོ་བསྡུའི་ལས་ལ་བྲེལ་བའི་སྟོན་མཇུག་གི་དུས་སུ་སྡེ་དམངས་དག་ལ་ཁེ་སྤོགས་བགོ་བཤའ་བྱས་ཏེ་སྤྲོ་དགའི་འཛུམ་ཁ་བཞད་འདུག ཟླ10བའི་ཚེས13ཉིན། ཉིན་ལུང་སྡེ་བས་སྡེ་བ་ཧྲིལ་བོའི་འཕྲིན་བཟང་སྟེ2024ལོའི་འབྲུ་རིགས་ཀྱི་ཁེ་སྤོགས་བགོ་བཤའ་བྱེད་པའི་ཚོགས་ཆེན་བསུས་བྱུང་། ཁེ་སྤོགས་བགོ་བཤའ་བྱེད་པའི་ཡུལ་དངོས་སུ། ཉིན་ལུང་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་དང་། སྡེ་སྡོད་བྱ་བའི་རུ་ཁག ཉིན་ལུང་སྡེ་བའི་མང་ཚོགས་སོགས་མི60ལྷག་ལྷན་དུ་འཛོམས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་གྲུབ་འབྲས་ལ་བདེན་དཔང་བྱས་པ་དང་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱས།

ཚོགས་ཆེན་གྱི་ཡུལ་དངོས་སུ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བ་རྡོ་ཡིས་སྡེ་བའི་ཏང་རྩ་འཛུགས་ཀྱི་ཚབ་བྱས་ནས་གཏམ་བཤད་སྤེལ་བ་དང་། སྡེ་མི་དག་གིས་མ་འོངས་པའི་འཚོ་བའི་ནང་དཀའ་སྤྱད་ཀྱི་ངལ་རྩོལ་ལ་བརྟེན་ནས་འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་པའི་སྐུལ་མ་བཏང་། དེའི་རྗེས་སུ་སྡེ་མི་ཚོས་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། མཉམ་ལས་ཁང་གི་འགན་ཁུར་བ་བཅས་ཀྱི་རྩ་འཛུགས་འོག ལོ་ཏོག་གི་བགོ་བཤའ་བླངས། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་བསྡོམས་པས་སྡེ་མི245ལ་འབྲུ་རིགས་སྤྱི་རྒྱ36750བགོ་བཤའ་བྱས་ཏེ། ཐུན་མོང་ལ་ཁེ་སྤོགས་ཐོབ་པ་དང་མང་ཚོགས་ཕན་ཐོགས་འབྱུང་བ་ངེས་པ་དོན་གྱིས་མངོན་འགྱུར་བྱུང་། ཐེངས་འདིའི་ཁེ་སྤོགས་བགོ་བཤའ་བྱས་པ་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་བཏང་ཡོད་ལ། སེམས་ཤུགས་དང་བདེ་སྐྱིད་འཚོ་བ་གསར་བསྐྲུན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ཀྱང་སྐུལ་སྤེལ་ཐེབས་ནས། ཁེ་སྤོགས་བགོ་བཤའ་བྱས་པའི་སྡེ་མི་རྣམས་ཀྱི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་མངོན་འདུག ཉེ་བའི་ལོ་འགའི་རིང་ལ། ཉིན་ལུང་སྡེ་བས་བསམ་ཕྱོགས་གསར་གཏོད་དང་གོ་སྐབས་དམ་འཛིན། ལས་གཞི་འཆར་འགོད་བཅས་བྱས་ཏེ། སྡེ་བའི་ཐུན་མོང་རྒྱུ་ནོར་བཀོལ་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སྟོབས་ལྡན་དུ་བཏང་བ་དང་མཉམ་ལས་ཁང་བཙུགས་ཡོད་ལ། ཏང་རྩ་འཛུགས་དང་མཉམ་ལས་ཁང་། སྡེ་མི་བཅས་ཀྱིས་སྡེ་བ་དར་ཞིང་སྡེ་མི་འབྱོར་ཕྱུག་ཏུ་གཏོང་བའི་འཕེལ་རྒྱས་རྣམ་པ་ཆགས་པར་བྱས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་དེ་མགྱོགས་པོར་འཕེལ་རྒྱས་བཏང་སྟེ། ཐུན་མོང་དཔལ་འབྱོར་དེ་ཞན་པ་ནས་སྟོབས་ལྡན་དང་། སྡེ་དམངས་ཀྱི་ཡོང་འབབ་ཐབས་ལམ་གུ་དོག་པ་ནས་ཐབས་ལམ་མང་བོའི་ཕྱོགས་སུ་འཕེལ་འགྱུར་བྱུང་ཡོད། 2023ལོར་ཉིན་ལུང་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གིས་སྡེ་བའི་ཐུན་མོང་ཚོང་གཉེར་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི21མངོན་འགྱུར་བྱུང་བ་དང་། སྡེ་བའི་ནང་གི་ངལ་རྩོལ་པ་ལྷག་མའི་ལས་ཞུགས་ལས་གནས7དང་དུས་ཡུན་ཐུང་ངུའི་ལས་ཞུགས་ལས་གནས་གཅིག་ལ་སྐུལ་ཁྲིད་བྱས།

གོ་རིམ་རྗེས་མར་ཉིན་ལུང་སྡེ་བས་མུ་མཐུད་དུ་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཏང་ཡོན་དང་སྡེ་དམངས་ཀྱིས་མཉམ་ལས་ཁང་གསར་བསྒྲུབ་བྱེད་པར་རྒྱབ་སྐྱོར་དང་སྐུལ་མ་གཏོང་བ། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་ནས་ཕྱུག་འགྱུར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཐབས་ལམ་རྒྱ་བསྐྱེད་དེ། མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས། ངེས་པ་དོན་གྱིས་འཕེལ་རྒྱས་གྲུབ་འབྲས་ཇེ་ཆེར་བཏང་སྟེ་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་ཇེ་དྲག་ཏུ་གཏོང་རྒྱུ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号