གཅིག་སྒྲིལ་རྫོང་གི་ཞང་དང་གྲོང་རྡལ་སོ་སོས2024ལོའི“སྟོན་དུས་འགག་སྒྲོལ”གཅིག་བསྡུས་འགུལ་སྐྱོད་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་པ། 

ཏང་གི་སྐབས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་རྫོང་ཨུའི་སྐབས་བཅུ་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། གཅིག་སྒྲིལ་རྫོང་གི“སྟོན་དུས་འགག་སྒྲོལ”གཅིག་བསྡུས་འགུལ་སྐྱོད་ཀྱི་བླང་བྱ་གསལ་པོ་བྱེད་པ། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ཀྱིན་པའི་སློབ་གསོ་དང་ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན། སྡོད་ཁང་སོགས་ཐད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་གང་ལེགས་ཆེད། ཉེ་ཆར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་དང་བར་བཞི་ཞང་། སྦྲ་གསར་ཞང་། སོག་རུ་མ་ཞང་བཅས་ཀྱིས་“སྟོན་དུས་འགག་སྒྲོལ”གཅིག་བསྡུས་འགུལ་སྐྱོད་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི“ཉིན་བརྒྱའི་འགག་སྒྲོལ་འགུལ་སྐྱོད”སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།

ཚོགས་ཐོག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་རྫོང་ཨུའི་སྐབས་བཅུ་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སོགས་ཀྱི་ནང་དོན་ཡིག་ངོས་ནས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 《གཅིག་སྒྲིལ་རྫོང་གི“སྟོན་དུས་འགག་སྒྲོལ”གཅིག་བསྡུས་འགུལ་སྐྱོད་བྱ་བའི་ཇུས་གཞི》སྒྲོག་འདོན་བྱས། ཏང་གི་འཛུགས་སྐྲུན་མཐོར་འདེགས་འགུལ་སྐྱོད་དང་གྲོང་གསེབ་དར་སྤེལ་སྲ་བརྟན་འགུལ་སྐྱོད། ལས་གཞིའི་འཛུགས་སྐྲུན་ཚད་སླེབས་འགུལ་སྐྱོད། གྲོང་ཁྱེར་དང་ཞིང་སྡེའི་འཛུགས་སྐྲུན་སྤུས་འདེགས་འགུལ་སྐྱོད། རིག་གནས་ཡུལ་སྐོར་མཐོར་འདེགས་རིམ་སྤར་འགུལ་སྐྱོད། སློབ་ཞུགས་ཚད་དམ་འཛིན་དང་ཁག་ཐེག་འགུལ་སྐྱོད། དམངས་འཚོའི་བདེ་སྐྱིད་སྤེལ་བའི་འགུལ་སྐྱོད། སྐྱེ་ཁམས་དཔལ་ཡོན་རོགས་སྐྲུན་འགུལ་སྐྱོད། ས་གཞིའི་དག་ཐེར་ལེགས་བཅོས་དང་ཁང་རྙིང་བཤིག་སྤོར་འགག་སྒྲོལ་འགུལ་སྐྱོད། དཔལ་ཡོན་གསར་འཛུགས་མཐོར་འདེགས་འགུལ་སྐྱོད། སྤྱི་ཚོགས་བཅོས་སྐྱོང་རྨང་བརྟན་འགུལ་སྐྱོད་སོགས་ཀྱི་ནང་དོན་ལ་བཀོད་སྒྲིག་ཞིབ་མོ་བྱས་པར་མ་ཟད། “སྟོན་དུས་འགག་སྒྲོལ”འབྲེལ་ཡོད་བླང་བྱ་ཇི་ལྟར་ལག་ལེན་དོན་འཁྱོལ་བྱེད་པའི་སྐོར་ནས་འགྲེལ་བཤད་གསལ་པོ་བྱས།

གཅིག་ནི་ཚད་མཐོའི་མཐོང་ཆེན་གནང་སྟེ་འགན་འཁྲི་ཇེ་དྲག་དུ་བཏང་བ། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཐེངས་འདིའི“སྟོན་དུས་འགག་སྒྲོལ”གཅིག་བསྡུས་འགུལ་སྐྱོད་ལ་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱ་དགོས་ལ། འདིའི་གལ་ཆེན་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་གང་ལེགས་ཡོད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་མགོ་ཁྲིད་ཀྱི་འགན་འཁྲི་དངོས་གནས་འདེགས་དགོས་ཏེ། ལས་འགན་སོ་སོ་དོན་འཁྱོལ་ནུས་ལྡན་ཡོང་བར་ཁག་ཐེག་བྱེད་དགོས།

གཉིས་ནི་དམིགས་འབེན་གསལ་པོ་བྱས་ནས་ལས་འགན་ཞིབ་མོར་གཏོང་དགོས། “སྟོན་དུས་འགག་སྒྲོལ”གཅིག་བསྡུས་འགུལ་སྐྱོད་ཀྱི་བྱེ་བྲག་གི་དམིགས་འབེན་དང་འགན་འཁྲི་གསལ་པོ་བྱས་ནས། ལས་འགན་སྡེ་ཁག་སོ་སོ་དང་ལས་རྐང་སོ་སོ། མི་སྣ་སོ་སོའི་ཕྲག་སྟེང་དུ་ཞིབ་ཏུ་བཀལ་ནས། འགན་འཁྲི་མིའི་ཕྲག་ཏུ་ཡོད་པ་དང་ལས་འགན་ལས་རྐང་དུ་ཁྱབ་པར་བྱེད་དགོས།

གསུམ་ནི་མཉམ་ལས་ཇེ་དྲག་ཏུ་བཏང་སྟེ་སྒྲིལ་ཤུགས་གྲུབ་པར་བྱེད་དགོས། གནས་སྦྲེལ་སྡེ་ཚན་སོ་སོས་བརྗེ་རེས་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཆ་འཕྲིན་མཉམ་སྤྱོད་དང་ཐོན་ཁུངས་ཧྲག་སྡེབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྡེ་ཁག་བར་གྱི་བཀག་རྒྱ་མེད་པར་བཟོ་བ་དང་བྱ་བའི་སྒྲིལ་ཤུགས་གྲུབ་པར་བྱས་ནས། ལས་འགན་སོ་སོ་དོན་ཐོག་ཏུ་འཁྱོལ་ཞིང་ཕན་འབྲས་ཐོན་པར་མཉམ་དུ་སྐུལ་འདེད་གཏོང་དགོས།

བཞི་ནི་དངོས་འབྲས་ལ་དོ་སྣང་དང་ལྟ་རྟོག་ལ་ཤུགས་སྣོན་དགོས། བྱ་བའི་དངོས་འབྲས་ལ་དོ་སྣང་བྱེད་དགོས་ལ། ལྟ་རྟོག་དང་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་དུས་ཐོག་དུ་རྙེད་པ་དང་ཐག་གིས་བཅད་དེ། ལས་འགན་སོ་སོ་སྔོན་ལ་བཀོད་པའི་འཆར་གཞི་དང་དུས་ཚོད་ཀྱི་མཚམས་ཚིགས་ནང་བཞིན་བདེ་བླག་ངང་སྐུལ་སྤེལ་བྱེད་དགོས།

ལྔ་ནི་དྲིལ་སྒྲོག་ཇེ་དྲག་ཏུ་བཏང་སྟེ་སྣང་ཚུལ་བསྐྲུན་དགོས། དྲིལ་སྒྲོག་སྣེ་ཁྲིད་ཇེ་དྲག་ཏུ་བཏང་སྟེ། བྱེད་ཐབས་སྣ་མང་བརྒྱུད“སྟོན་དུས་འགག་སྒྲོལ”གཅིག་བསྡུས་འགུལ་སྐྱོད་ཀྱི་དོན་སྙིང་གལ་ཆེན་དང་སྤེལ་བའི་གནས་ཚུལ་དྲིལ་སྒྲོག་བྱས་ནས། བྱ་བའི་སྣང་ཚུལ་སྟུག་པོ་བསྐྲུན་དགོས་ལ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བྱ་བའི་སྤྲོ་བ་དང་བརྩོན་སེམས་སྐུལ་སློང་བྱེད་དགོས།

ཐེངས་འདིའི“སྟོན་དུས་འགག་སྒྲོལ”འགུལ་སྐྱོད་ཀྱི་བཀོད་སྒྲིག་ནི་དུས་དང་མཐུན་ཞིང་ཚད་དང་རན་ལ། ཞང་དང་གྲོང་རྡལ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བས་ཐེངས་འདིའི་བྱ་བ་འདི་གོ་སྐབས་ཤིག་ཏུ་བརྩིས་ཏེ། གནད་དོན་ལ་དམིགས་པ་དང་། གནད་དོན་ལ་གཟས་ནས་བཅོས་བསྒྱུར། ཕན་འབྲས་ལ་གཟས་ནས་དམ་འཛིན་བཅས་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། གནད་དོན་རྙེད་པ་དང་གནད་དོན་དབྱེ་ཞིབ། གནད་དོན་ཐག་གཅོད་བཅས་བྱེད་པ་རྒྱུན་འཁྱོངས་བྱས་ནས། ལོ་འཁོར་མོའི་དཔྱད་ཞིབ་སྔོན་ལ་རང་བཤེར་ཐེངས་ཤིག་བྱེད་རྒྱུ་བརྩོན་ལེན་བྱས་ནས། ཕྱོགས་གཉིས་ནས་འབྲས་བཟང་ལེན་པར་ཁག་ཐེག་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号