མཚོ་ལྷོ་ཁུལ་གྱིས་བརྒྱད་པའི་བཅོ་ལྔའི་དུས་ཆེན་སྔོན་གྱི་ཟས་རིགས་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

ཟླ9པའི་ཚེས13ཉིན། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ། ཁུལ་དཔོན་གཞོན་པ་སུན་ཅུན་ཞཱ་ཡིས་སྣེ་ཁྲིད་དེ་བརྒྱད་པའི་བཅོ་ལྔའི་དུས་ཆེན་སྔོན་གྱི་ཐོན་སྐྱེད་དང་མེ་ཟོན། ཟས་རིགས་བདེ་འཇགས་བཅས་ལ་ཞིབ་བཤེར་བྱས་ལ། སྲིད་ཇུས་གསར་པ་གཉིས་ལག་བསྟན་བྱས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཁུལ་བཅོས་བསྒྱུར་འཕེལ་རྒྱས་དང་། འཕྲལ་བསྟུན། བཟོ་འཕྲིན། གྲོང་རའི་ལྟ་སྐུལ། མེ་འགོག་སོགས་སྡེ་ཚན་གྱི་འགན་ཁུར་བློ་མཐུན་གྱིས་ཞིབ་བཤེར་ལ་ཕེབས་རོགས་བྱས་པ་རེད།

སུན་ཅུན་ཞཱ་འཁོར་དང་བཅས་པ་སྔ་རྗེས་སུ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་ཤམ་བྷ་ལའི་ཐང་ཆེན་བདེ་སྐྱིད་སྒོ་རྩིས་ཚོང་ཁང་དང་། ཁྱིམ་སྤྱོད་གློག་ཆས་དང་གློག་སྒུལ་རྐང་འཁོར་ཕྱིར་འཚོང་བྱེད་ས། ཆབ་ཆ་ཁྱིམ་ཆས་བཟོ་སྐྲུན་བྱེད་ས། མཚོ་སྔོན་ཧྲེང་ཞིན་ལག་བརྒྱུད་རླངས་འཁོར་ཕྱིར་འཚོང་བྱེད་ས། དངོས་ཟོག་རྙིང་པའི་ཚོང་ར་སོགས་སུ་སོང་ནས་མེ་འགོག་གི་བདེ་འཇགས་དོ་དམ་བྱས་ཚུལ་དང་མེ་ཟོན་སྒྲིག་བཀོད་ཆ་ཚང་ཡིན་མིན་གྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པར་མ་ཟད། ལས་བཟོ་པར་གསོ་སྦྱོང་སྤེལ་ཡོད་མེད། ལས་རེས་མི་སྣ་བཀོད་སྒྲིག་བྱས་ཡོད་མེད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། བདེ་འཇགས་དོ་དམ་གྱི་འདུ་ཤེས་སྔར་བས་མཐོར་གཏོང་བ་དང་ཐོན་སྐྱེད་དང་སྡེ་ཚན་གྱི་མེ་ཟོན་འགན་འཁྲི་དོན་འཁྱོལ་དང་། མེ་འགོག་གི་སྒྲིག་བཀོད་སྲུང་སྐྱོང་དང་བདག་སྐྱོང་ཡག་པོ་བྱ་རྒྱུ། ལྷག་པར་དུ་དུས་ཆེན་རིང་གི་ལས་རེས་དང་མཚན་མོའི་སྐོར་ཞིབ་བྱ་བ་ལེགས་པོར་བསྒྲུབ་སྟེ། མེ་སྐྱོན་སྔོན་འགོག་དང་རང་ཉིད་ཀྱི་སྲུང་སྐྱོབ་ནུས་པ་ཆེར་གཏོང་བ་བཅས་བྱས་ནས་དུས་ཆེན་རིང་གི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་བླང་བྱ་བཏོན།

བདེ་སྐྱིད་སྒོ་རྩིས་ཚོང་ཁང་དུ་བརྒྱད་པའི་བཅོ་ལྔའི་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་རིང་གི་ཚོང་ཟོག་གི་མཁོ་འདོན་དང་ཟས་རིགས་བདེ་འཇགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་དུས་ཆེན་རིང་གི་ཚོང་ཟོག་མཁོ་འདོན་དང་རིན་གོང་བརྟན་པོ་ཡོང་བར་བྱ་དགོས་ལ། ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ་མི་དམངས་མང་ཚོགས་ཀྱེ་ཟས་རིགས་བདེ་འཇགས་ཁག་ཐེག་བྱ་དགོས་པ་བསྟན།

ཁྱིམ་སྤྱོད་གློག་ཆས་དང་གློག་སྒུལ་རྐང་འཁོར་ཕྱིར་འཚོང་བྱེད་སར་ཐོན་རྫས་ཕྱིར་འཚོང་དང་ཞིང་ཆེན་གྱི་སྲིད་ཇུས་གསར་པ་གཉིས་དོན་འཁྱོལ་བྱས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ་འབྲེལ་ཡོད་སྡེ་ཁག་ལ་སྲིད་ཇུས་དྲིལ་སྒྲོག་གི་བྱེད་ཤུགས་ཆེར་བཏང་སྟེ་། སྔར་ལས་མང་བའི་ཕྱིར་འཚོང་ཁེ་ལས་སྲིད་ཇུས་ཀྱི་འགན་སྲུང་ཁྱབ་ཁོངས་ནང་ཞུགས་ནས་མང་ཚོགས་ཀྱི་སྲིད་ཇུས་ཤེས་ཚད་མཐོ་རུ་གཏོང་བ་དང་། གཟིགས་སྐྱོང་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་ཏེ། མང་ཚོགས་ལ་དོན་དངོས་ནས་ཁེ་ཕན་སྐྲུན་དགོས་ཞེས་བླང་བྱ་ནན་མོ་བཏོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号