གཅན་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་སློབ་སྦྱོང་སྔོན་དུ་བཟུང་སྟེ་གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་།

“སྒུལ་ནུས་གསར་པ”སྐུལ་སྤེལ་དང་། “གདོང་མཆོང་རུ་ཁག”གསར་སྐྲུན་བྱེད། ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་སློབ་སྦྱོང་ལ་དགའ་བ་དང་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་མཁའ་དབུགས་ལེགས་པོ་ཧུར་ཐག་གིས་བསྐྲུན་པ་དང་། ཁོངས་མི་ཡོངས་ཀྱི་སློབ་སྦྱོང་བྱེད་པའི་བྱ་བ་ཏན་ཏིག་གིས་བཀོད་སྒྲིག་བྱེད་པ། གོ་རིམ་ཡོངས་སུ་སློབ་སྦྱོང་བྱེད་པའི་ནུས་ལྡན་ནང་རྐྱེན་བསྐྲུན་པ། བྱེད་ཐབས་སྣ་མང་སྤྱད་དེ་སློབ་སྦྱོང་ཅན་དང་ཞབས་ཞུ་ཅན། གསར་སྐྲུན་ཅན་གྱི་དྲིལ་སྒྲོག་ལས་བྱེད་དཔུང་སྡེ་བསྐྲུན་ཏེ། གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་ཟབ་སྤེལ་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་།

ཆབ་སྲིད་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་གི་རྨང་གཞི་ཇེ་བརྟན་དུ་བཏང་། གཞུང་ལུགས་བསླབ་ནས་ཤེས་པ་དང་། སྲིད་ཇུས་ལ་གོ་བ་ལེན་པ་ནི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བ་འདོན་སྤེལ་གང་ལེགས་བྱེད་པའི་སྒུལ་ཤུགས་གཙོ་བོ་ཡིན། གཅན་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་གསུང་བཤད་གལ་ཆེན་དང་རྣམ་བཤད། མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་པར་དམ་པོར་དམིགས་ཏེ། གཅིག་བསྡུས་སློབ་སྦྱོང་བྱེད་མགོ་བརྩམས་ཏེ་ཉིན་རྒྱུན་གྱི་སློབ་སྦྱོང་གི་རྒྱུན་བསྐྱངས།

གསར་འབྱེད་སྟེགས་བུ་རྒྱུན་འཁྱོངས་བྱས་ཏེ། བསླབ་པའི་རྣམ་པ་ཕུན་ཚོགས་སུ་བཏང་། སློབ་སྦྱོང་འཆར་གཞི་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་པར། “གྲོས་གཞི་དང་པོ”དང“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”སོགས་ཀྱི་ལམ་ལུགས་གཟབ་ནན་གྱིས་དངོས་འབེབས་བྱས་ཏེ། “སྡེ་ཁག+ཏང་ཀྲི་པུའུ+ཏང་ཡོན་མི་སྒེར”མཉམ་སློབ་མ་ལག་གྲུབ། ཆེད་མཁས་པ་གདན་དྲངས་ནས་སྲིད་ཇུས་གསེད་དཀྲོལ་དང་བཅའ་ཁྲིམས་ཁྲིམས་སྲོལ་རོགས་ཁྲིད་བྱས་པར་མ་ཟད། “སློབ་བརྩོན་རྒྱལ་སྟོབས”དང་མཚོ་སྔོན་དྲ་རྒྱ་ལས་བྱེད་སློབ་གླིང་། “གཅན་ཚ་དྲིལ་སྒྲོག”སོགས་དྲ་ལམ་སྟེགས་བུ་བརྒྱུད། མགོ་མཇུག་བར་དུ་སློབ་སྦྱོང་གི“དྲ་བ”བཟོས།

གནད་འཁེལ་ཇུས་བསྟར་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་གི་ཕན་ནུས་ཇེ་ཆེར་བཏང་། སློབ་སྦྱོང་དང་བགྲོ་གླེང་དང་ལག་ལེན་གྱི་གོ་རིམ་ཁྲོད་ཟབ་ཞུགས་དང་། གཅན་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གི་གཙོ་གནད་དང་དཀའ་གནད་ཁོང་དུ་ཆུད་པར་བྱས་པས། སློབ་སྦྱོང་གྲུབ་འབྲས་འབུར་དུ་ཐོན། ད་ལོའི་ལོ་སྟོད་དུ། གཅིག་བསྡུས་སློབ་སྦྱོང་གྲོས་ཚོགས་ཐེངས24རྩ་འཛུགས་བྱས་པ་དང་། དྲ་ལམ་དུ་སློབ་སྦྱོང་བྱ་འགུལ་ཐེངས105སྤེལ་བ་དང་ཡུལ་དངོས་སུ་སློབ་ཁྲིད་ཐེངས6སྤེལ་ལ། ཆེད་མཁས་པ་གདན་དྲངས་ནས་གཞུང་ལུགས་རོགས་ཁྲིད་ཐེངས2སྤེལ།

ད་ལྟ། གཅན་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཏང་ཀྲི་པུའུ་ཡིས་ལས་བྱེད་པ་ཡོངས་ཀྱི་བསམ་བློ་དང་ཆབ་སྲིད་གཞུང་ལུགས་ཀྱི་ཆུ་ཚད་དང་བྱེད་སྒོའི་ལས་སྒྲུབ་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་བཏང་སྟེ། ཏང་འཛུགས་སྐྲུན་གྱི་བྱ་བ་བརྟན་བརླིང་ཡོང་བར་སྐུལ་འདེད་བཏང་། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号