པདྨ་རྫོང་གིས་ཞིང་ལས་དང་ལུས་རྩལ་སོགས་ཀྱི་མཉམ་འདྲེས་སྤུས་མཐོ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ལོ་འདི་འགར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་ཁྱད་འཕགས་ཐོན་ཁུངས་ཀྱི་དགེ་མཚན་དང་ས་ཁོངས་ཀྱི་ལེགས་ཆར་རྐང་བཙུགས་ཏེ། “བཟོ་འགོད་ཁྲི་སྟོང”གི་ཉམས་མྱོང་ནན་ཏན་གྱིས་སློབ་སྦྱོང་དང་བེད་སྤྱད་པ་དང་། ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས“གནས་བཞི”འཛུགས་སྐྲུན་བྱེད་པའི་སྤྱིའི་བཀོད་སྒྲིག་དང་ཧུར་ཐག་སྒོས་འདྲེས་སུ་བཅུག་སྟེ། རྫོང་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ནི་སྦྲེལ་མཐུད་དང་མཉམ་འདྲེས་ཀྱི་ཁྲོད་ནས་སྤུས་མཐོ་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱས་ཤིང་། བདེ་སྡོད་ལས་སྐྲུན་དང་ཡུལ་སྐོར་བཅས་ལ་འཚམ་པའི་མཉམ་སྐྱེས་འཆམ་མཐུན་གྱི་རོགས་དབྱངས་ཤིག་དཀྲོལ།

 ལྗང་མདོག་སྐྱེ་ལྡན་ཐོན་རྫས་གསར་སྤེལ་བྱེད་པར་གཅིག་བསྡུ་བྱས་ཏེ། ཞིང་ཕྱུགས་འཕེལ་རྒྱས་ཀྱི་དབྱངས་རྟ་ལེགས་པར་བྲིས་པ། སྐྱེ་ལྡན་ཕྱུགས་ལས་ཐོན་ལས་ཅན་དུ་གཏོང་བའི་ལས་གཞིར་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་བཏང་སྟེ། ནོར་སྲིད་ཀྱི་སྦྲེལ་མཐུད་མ་དངུལ་སྒོར་ཁྲི5070བཏང་སྟེ་ཞིང་ཕྱུགས་ལས་རིགས་ཐོན་ལས་འཕེལ་རྒྱས་ཀྱི་ལས་གཞི18ལག་བསྟར་བྱས་པ་ལོ་འདིའི་ནང་ཡོངས་སུ་འགྲུབ་རྒྱུ་རེད། ནོར་ནག་དང་། བོད་ཇ། ནས། ལུག་གྲོད་ཤ་མོ་བཅས་གཙོ་བོར་བཟུང་བའི་ཞིང་ཕྱུགས་ལས་རིགས་ཀྱི་སྦྲེལ་ཐག་ཡོངས་འཕེལ་རྒྱས་འབྱུང་བར་ནུས་ཤུགས་ཡོད་དགུས་སྐུལ་འདེད་བཏང་བ་དང་། ནོར་ནག་རྒྱུད་སྤེལ་དང་། ཤྭ་བ་གསོ་སྤེལ་བཅས་ཀྱི་རྒྱུད་གསོ་ཐོན་ལས་རྟེན་གཞི40ལྷག་ལེགས་འཛུགས་བྱས་པ་དང་། ས་རྒོད་སྒྲིག་བཅོས་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། རྫོང་ཡོངས་ཀྱི་རྨོ་འདེབས་རྒྱ་ཁྱོན་ན་ནིང་གི་དུས་མཉམ་དང་བསྡུར་ན་ས་མུའུ300ལྷག་ཇེ་མང་དུ་སོང་།

མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་རྒྱུར་གཅིག་བསྡུ་བྱས་ཏེ། ལུས་རྩལ་འགྲན་སྡུར་གྱི་དབྱངས་རྟ་ལེགས་པར་བྲིས་པ། ལུས་རྩལ་འགྲན་སྡུར་གྱིས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བར་ནུས་པ་འདོན་པར་མཐོང་ཆེན་བྱས་ཏེ། “ནས་ནག”ལུས་རྩལ་དུས་ཚིགས་དང་། དམངས་ཡོངས་ཀྱི“འཇའ་ཚོན་འགྲན་རྒྱུག”དང་། འབྲོག་དམངས“ལུས་རྩལ་འགྲན་སྡུར”བཅས་པདྨའི་ཁྱད་ཆོས་ལྡན་ལ་མང་ཚོགས་དང་ཉེ་བར་བཅར་བའི་ལུས་རྩལ་འགྲན་སྡུར་གྱི་བྱ་འགུལ་རབ་དང་རིམ་པ་རྒྱལ་ཁའི་ངང་བསྡུས་ཏེ། ལུས་རྩལ་གྱི་འཛད་སྤྱོད་དུས་ཚིགས་དང་། ཞིང་ལས་ཁྱད་ཐོན་དངོས་རྫས་འགྲེམ་ཚོང་ཚོགས་འདུ་སོགས་ཀྱི་དུས་སྐབས་ཀྱི་མཁོ་འདོན་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་བཏང་བས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་ལ། འགྲན་སྡུར་དཔལ་འབྱོར་གསར་སྐྲུན་བྱས་ཤིང་། ལུས་རྩལ་འགྲན་སྡུར་གྱིས་མཉམ་འདྲེས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་རོགས་བྱེད་པའི་ཕན་ནུས་མངོན་གསལ་རེད།  

ཞིང་སྡེའི་དམངས་སྲོལ་དཔལ་ཡོན་གྱི་ནང་དོན་གཅིག་བསྡུ་དང་ཇེ་བཟང་དུ་བཏང་སྟེ།  རིག་གནས་རྒྱུན་འཛིན་གྱི་དབྱངས་རྟ་ལེགས་པར་བྲིས་པ། པདྨའི་རྫོང་མཐུག་པའི་གསར་བརྗེའི་རིག་གནས་དང་ཐུན་མིན་གྱི་མི་རིགས་དམངས་སྲོལ་རིག་གནས་ནི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རིག་གནས་རང་རྟོན་ཇེ་བརྟན་དང་། ཞིང་སྡེའི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཛིན་ལུང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “གསར་བརྗེ+”དང“དམངས་སྲོལ+”བརྗོད་གཞིར་བཟུང་བའི་གླུ་གར་དང་། ཟློས་གར། ཁ་ཤག་བཅས་མང་ཚོགས་ཀྱིས་ལྟ་འདོད་ཉན་སྤྲོའི་རིག་གནས་བརྩམས་ཆོས་ཕུལ་བྱུང་ལ་བརྟེན་ནས་ཡུལ་སྐོར་པ་སྔར་ལས་མང་པོ་པདྨར་ཕེབས་སུ་འཇུག་པ་དང་། པདྨ་ངོ་ཤེས་ཤིང་པདྨ་ལ་དགའ་ཞེན་ཡོད་པར་བྱས་ཏེ། རིག་གནས་དང་ཡུལ་སྐོར་སྔར་ལས་ལྷག་པའི་སྒོ་ནས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱས།

ཐོན་ཁུངས་ཀྱི་དགེ་མཚན་ལ་གཅིག་བསྡུས་དང་སྔོག་འདོན་བྱས་ཏེ།  ཁྱད་ལྡན་ཡུལ་སྐོར་གྱི་དབྱངས་རྟ་ལེགས་པར་བྲིས་པ། ཡུལ་སྐོར་ཞབས་ཞུའི་མཁོ་འདོན་རྒྱུན་ཆད་མེད་པར་ཕུན་ཚོགས་སུ་བཏང་སྟེ། གསར་བརྗེ་གླེང་སྟེགས་དང་། སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཚིགས། བོད་ཇའི་དུས་ཆེན། “ནས་ནག”རོལ་དབྱངས་དུས་ཆེན། “ནས་ནག”སྒར་རྒྱག་དུས་ཚིགས་བཅས་སྙན་གྲགས་ལྡན་ལ་ཕན་འབྲས་ལྡན་པའི་རིག་གནས་ཡུལ་སྐོར་བྱ་འགུལ་སྐོར་ཞིག་རྒྱལ་ཁའི་ངང་བསྡུས་ཏེ། རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དགེ་མཚན་དཔལ་འབྱོར་འཕེལ་རྒྱས་གྱི་དགེ་མཚན་དུ་མགྱོགས་མྱུར་ངང་བསྒྱུར།

དངུལ་གཏོང་འབྱོར་དར་གྱི་ཁོར་ཡུག་ལེགས་སྒྱུར་བྱེད་པར་གཅིག་བསྡུས་བྱས་ཏེ།  ཚོང་ལས་ཉོ་ཚོང་གི་དབྱངས་རྟ་ལེགས་པར་བྲིས་པ། པདྨ་རྫོང་གི་ཚོང་འགུག་དངུལ་འདྲེན་གྱི“གཟིགས་སྐྱོང་བཅུ”དང“མི་ཆོག་པ་བཅུ”ཡི་བྱ་བའི་ནང་རྐྱེན་དངོས་འབེབས་བྱས་ཏེ། དངུལ་ཁང་དང་ཁེ་ལས་མཉམ་སྦྲེལ་དང་། ཁེ་ལས་སུ་སོང་སྟེ་བརྟག་ཞིབ་བྱེད་པ། འཛད་སྤྱོད་ལ་སྐུལ་བ། ཚོང་འགུག་དངུལ་འདྲེན་བཅས་ཀྱི་བྱ་འགུལ་ཤུགས་ཆེར་སྤེལ་ཏེ། ཁུལ་རིམ་པའི་མཛོད་གཅིག་མཉམ་བགོ་ལྟེ་གནས་དང་། པདྨ་རྫོང་གི་དངོས་ཟོག་གླིང་ཁུལ་གྱི་ལས་གཞི་བཙུགས་ཤིང་། སྦྲགས་སྲིད་དང་། ཡོན་ཐུང་དང་ཧྲིན་ཐུང་མགྱོགས་སྐྱེལ་ཧྲག་སྡེབ་བྱས་པ་དང་། ས་ཚིགས་མང་པོ་གཅིག་ཏུ་འདུས་པའི་ཞབས་ཞུའི་ས་ཚིགས7བཙུགས་ཏེ། གློག་ཚོང་ནི་གཅིག་གྱུར་མཛོད་ཁང་གི་སྲོག་ཤིང་ཡིན་པ་དང་། མགྱོགས་སྐྱེལ་ནི་བགོ་འགྲེམ་གྱི་སྲོག་ཤིང་ཡིན་པའི་རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་ཟོག་སྐྱེལ་ཞབས་ཞུའི་མ་ལག་གྲུབ་སྟེ། ཞིང་ཕྱུགས་ཐོན་རྫས་ཀྱི་དྲ་ཚོང་བཀག་རྒྱ་ནུས་ལྡན་ངང་མེད་པར་བཟོས་ཏེ། ཞིང་སྡེ་གློག་ཚོང་གི་ལས་རྣམ་གསར་པ་གྲུབ་ཡོད། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号