ཟླ9པའི་ཚེས11ཉིན་ནས་ཚེས14ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་སྲིད་གྲོས་ཨུ་ཡོན་དང་ཆེད་ལས་མཁས་པ། ཐིན་དང་ཅུའུ་ཡི་འགན་ཁུར་བློ་མཐུན་སོགས་མི་སྣ་ཁ་ཤས་ཁྲིད་དེ་ནང་སོགས་རང་སྐྱོང་ལྗོངས་ཀྱི་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་གཏེར་དངོས་མང་བའི་ཤ་མོའི་རིགས་ཀྱིས་གྲང་ངར་ཆེ་ཁུལ་གྱི་ཞན་འགྱུར་རྩྭ་ས་ཉམས་གསོ་བཅོས་སྐྱོང་བྱེད་པའི་ཁྲོད་ཀྱི་བཀོལ་སྤྱོད་བྱེད་ནུས་ཁྱབ་སྤེལ་དང་ཞོག་ཁོག་འདེབས་གཉེར་གནས་ཚུལ་ལ་སློབ་སྦྱོང་རྟོག་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རུང་དང་། མཱ་ཧྥིན་ཧྲིན་རྟོག་ཞིབ་ལ་ཞུགས།

རྟོག་ཞིབ་སྐབས་སུ། མགོན་པོ་བཀྲ་ཤིས་སོགས་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་གྱི་ཞིང་ལས་ཚན་རྩལ་ཁང་དང་། ཞོག་ཁོག་ཚན་རིག་གསར་སྤེལ་ལྟེ་གནས། ཧུང་ཧྥུའུ་ཞིང་ལས་ཐོན་སྐྱེད་རྟེན་གཞི། ལན་ཝེ་སི་ཏུན་ཟས་རིགས་ཀུང་སི། ཁྲ་ཡུག་ཧུའུ་ཆས་ཏ་ལིའུ་ཧའོ་གྲོང་རྡལ་གྱི་ས་ཞིང་བ་ཚྭ་ཅན་བཅོས་སྐྱོང་དཔེ་སྟོན་ས་ཁུལ། ནང་སོག་ཀུའུ་ཧྭ་ཁྲིན་ཞིང་ལས་ཚན་རྩལ་ཀུང་སི། ལན་ཅིན་སྐྱེ་ཁམས་ཚན་རྩལ་ཀུང་སིའི་གཏེར་སྔོག་བཟོ་གྲྭ། གཏེར་རྫས་ཤ་མོ་ཐོན་སྐྱེད་འཁོར་ཁང་། ཞོག་ཁོག་ཆུང་གྲས་གསར་སྤེལ་ཚོད་ལྟ་ཁང་སོགས་ཀྱི་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱས་པར་མ་ཟད། རང་སྐྱོང་ལྗོངས་དང་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར། ཧྭ་ཏི་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་། ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་མཉམ་དུ་བཞུགས་མོལ་བརྗེ་རེས་བྱས་ཏེ། ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་གྱི་ཞོག་ཁོག་གསོ་སྤེལ་འགྲེམ་ཐེངས་དང་། གཏེར་དངོས་ཤ་མོ་ཐོན་སྐྱེད་ལས་སྣོན་བྱེད་པ། ཞན་འགྱུར་རྩྭ་ས་ཉམས་གསོ་བཅོས་སྐྱོང་བྱེད་པ་སོགས་ཕྱོགས་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། མཚོ་སྔོན་དང་ནང་སོག་གིས་ཞོག་ཁོག་ཚན་ཞིབ་འདེབས་གཉེར་དང་། རྩྭ་སའི་སྐྱེ་ཁམས་ཀྱི་གཏེར་དངོས་ཤ་མོ་ཉམས་གསོ་བཅོས་སྐྱོང་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་བའི་བསམ་ཚུལ་བརྗེ་རེས་བྱས་ནས་ཐུན་མོང་ངོས་འཛིན་ཆགས་པར་བྱས་ལ། འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་མིག་རྒྱང་རིང་པོ་མཉམ་འགོད་བྱས།

མགོན་པོ་བཀྲ་ཤིས་ཀྱིས་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་གྱིས་ཞོག་ཁོག་ཚན་རིག་གསར་སྤེལ་རྣམ་པས་འདེབས་གཉེར་དང་གཏེར་དངོས་མང་བའི་ཤ་མོ་ཡིས་གྲང་ངར་ཆེ་སའི་ཞན་འགྱུར་རྩྭ་ས་ཉམས་གསོ་བཅོས་སྐྱོང་བྱེད་པའི་ཕྱོགས་ནས་གྲུབ་འབྲས་མི་དམན་པ་བླངས་པར་གདེང་འཇོག་ཚད་མཐོ་བྱས། མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་གྱིས་ནམ་ཟླ་བསིལ་ཞིང་ཉི་འོད་འཛོམས་པ་སོགས་རང་བྱུང་གི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཏེ། ཞོག་ཁོག་གི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་བ་དང་། ཝུའུ་ལན་ཁྲ་པུའུ་ཡི་ཞོག་ཁོག་ཞེས་པའི་ཚོང་རྟགས་བསྐྲུན་ནས་ཐོན་ལས་ཕྲེང་འབྲེལ་སྤྱི་ཡོངས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱུང་། དུས་མཉམ་དུ། ཝུའུ་ལན་ཁྲ་ཅིན་ཧྲི་རང་བྱུང་གཏེར་རྫས་གསར་སྤེལ་ལས་ཐོན་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཏེར་རྫས་ཤ་མོ་བེད་སྤྱོད་བྱས་ཏེ། ཞིང་ལས་ཐོན་སྐྱེད་དང་རྩྭ་ས་ཉམས་གསོ་བཅོས་སྐྱོང་ཐད་བཀོལ་སྤྱོད་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པས། སློབ་སྦྱོང་དང་དཔེ་ལྟའི་རིན་ཐང་ཆེན་པོ་ལྡན་པར་འདོད།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མཚོ་སྔོན་དང་ནང་སོག་གི་གནམ་གཤིས་གཅིག་མཚུངས་ཡིན་པས་ཕན་ཚུན་སློབ་སྦྱོང་དང་འཕེལ་རྒྱས་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད། ལྷག་པར་ཝུའུ་ལན་ཁྲ་པུའུ་གཏེར་དངོས་ཤ་མོ་ཡི་གྲང་ངར་ཆེ་སའི་རྩྭ་སའི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ཐད་ཀྱི་ཉམས་མྱོང་གྲུབ་འབྲས་མིག་མཐོང་ལག་ཟིན་དུ་གྱུར་བར་བརྟེན། མཉམ་ལས་སྦས་ཤུགས་ཧ་ཅང་ཆེ། རྩྭ་སའི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་བྱ་བ་ནི་རྙོག་འཛིང་ཆེ་བའི་མ་ལག་བཟོ་བསྐྲུན་ཞིག་ཡིན་པས། ཚན་རིག་གསར་སྤེལ་སྔར་ལས་ཇེ་ཆེར་བཏང་སྟེ། རིགས་སྣ་ཚོགས་ཀྱི་གཏེར་དངོས་ཤ་མོ་གསར་སྤེལ་ཚོད་ལྟ་བྱེད་པར་ཤུགས་སྣོན་དང་། གཏེར་དངོས་ཤ་མོ་ཕན་ནུས་ལྡན་པར་བེད་སྤྱོད་གཏོང་བའི་གནད་ཁེལ་ཅན་དང་ཚན་རིག་ཅན། གྲངས་ཀ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། གཏེར་དངོས་ཤ་མོ་ཡིས་མཚོ་སྔོན་དང་ནང་སོག་ས་ཁུལ་གྱི་ཞན་འགྱུར་རྩྭ་ས་ཉམས་གསོ་དང་བཅོས་སྐྱོང་ཚོད་ལྟའི་ཁྲོད་ཀྱི་གཞི་གྲངས་ཆ་འཕྲིན་ལ་རྗེས་འདེད་གསལ་འགྲེལ་བྱས་ཏེ། ཞིབ་མཇུག་བཀོལ་སྤྱོད་ཤུགས་དྲག་ཏུ་གཏོང་བ་དང་། གྲུབ་འབྲས་ཚུལ་སྒྱུར་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། འགན་འཁྲིའི་ཁག་ཁུར་ཤུགས་དྲག་ཏུ་བཏང་སྟེ། མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་བློ་རིག་དང་སྟོབས་ཤུགས་འབུལ་དགོས།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号