མཚོ་སྔོན་ཞིང་ཆེན་གྱིས《མཛུབ་ཁྲིད་བསམ་འཆར》བཏོན་ནས་མི་དམངས་ཀྱི་གྲོས་གཞི་བསྡུ་ལེན་ལས་དོན་འཐུས་ཚང་དུ་བཏང་བ།

ཉེ་ལམ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས《ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་གྲོས་གཞི་བསྡུ་ལེན་ལས་དོན་ལ་ཤུགས་སྣོན་པ་སྐོར་གྱི་མཛུབ་ཁྲིད་བསམ་འཆར(ཚོད་ལྟའི་ལག་བསྟར)》འགྲེམ་སྤེལ་བྱས་ཏེ། རང་ཞིང་གི་མི་དམངས་ཀྱི་གྲོས་གཞི་བསྡུ་ལེན་ལས་དོན་གྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས་མི་ཚང་མ་གོ་རིམ་ལྡན་པའི་ངང་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་གལ་ཆེན་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད།

《མཛུབ་ཁྲིད་བསམ་འཆར》ནང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་བསྡུ་ལེན་ལས་དོན་ཐད“ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་དང་། རིམ་དབྱེ་འགན་འཁུར། སྤྱི་དམངས་ལ་ཕན་པ་ཐོབ་པ། ཁ་ཟུམ་དོ་དམ། གྲུབ་འབྲས་སྲ་བརྟན”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཆ་ལག་ཚང་བ་དང་། ཚན་རིག་དང་མཐུན་ཞིང་། ཚད་དང་ལྡན་པ། འཁོར་སྐྱོད་ནུས་ཆེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་མི་དམངས་ཀྱི་གྲོས་གཞི་བསྡུ་ལེན་ལས་དོན་གྱི་རྣམ་པ་ཞིག་ཧུར་ཐག་སྒོས་བཏོད་དེ། སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་འདེད་གང་ལེགས་བྱེད་པ་དང་ཏང་ཨུ་དང་སྲིད་གཞུང་། མི་དམངས་མང་ཚོགས་བར་གྱི་འབྲེལ་གཏུག་མཉམ་འགུལ་གྱི་སྟེགས་བུ་ཧུར་ཐག་སྒོས་བསྐྲུན་ནས། མི་དམངས་མང་ཚོགས་ཀྱིས་ཐབས་ལམ་དང་བྱ་ཐབས་སྣ་ཚོགས་བརྒྱུད་ཐབས་དང་ཇུས་འདོན་པར་་སྐུལ་འདེད་བྱེད་པ་དང་ཁྲིད་སྟོན་བྱེད་དགོས་པའི་གྲོས་གཞི་བཏོན།

《མཛུབ་ཁྲིད་བསམ་འཆར》ནང་མི་དམངས་ཀྱི་གྲོས་གཞི་བསྡུ་ལེན་ལས་དོན་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། མི་དམངས་ཀྱི་གྲོས་གཞི་བསྡུ་ལེན་ཐབས་ལམ་ཤར་གཏོང་བྱེད་པ། མི་དམངས་ཀྱི་གྲོས་གཞི་བསྡུ་ལེན་ལས་དོན་གྱི་བྱེད་ཐབས་གསར་གཏོད་བྱེད་པ། མི་དམངས་ཀྱི་གྲོས་གཞི་བསྡུ་ལེན་གཉེར་སྒྲུབ་དང་གཞན་སྒྱུར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་གྲོས་གཞི་བསྡུ་ལེན་དང་ཚུར་ལན་ལས་དོན་ལེགས་པོ་སྒྲུབ་པ། མི་དམངས་ཀྱི་གྲོས་གཞི་བསྡུ་ལེན་དང་དེར་ཞུགས་པའི་ལམ་ལུགས་འཛུགས་པ། མི་དམངས་ཀྱི་གྲོས་གཞི་བསྡུ་ལེན་ལས་དོན་གྱི་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ལ་ཤུགས་སྣོན་པ་བཅས་ཀྱི་ལས་འགན་གཙོ་བོ་ཁག7ཁ་གསལ་བཏོན་ཡོད།

《མཛུབ་ཁྲིད་བསམ་འཆར》ནང་འབྲེལ་ཡོད་སྡེ་ཁག་སོ་སོས་བྱ་བའི་སྟོབས་ཤུགས་ལ་སྤྱི་འདོམས་མཐུན་སྦྱོར་བྱས་ནས་མི་དམངས་ཀྱི་གྲོས་གཞི་བསྡུ་ལེན་གྱི་འགན་འཁུར་བའི་བྱ་བའི་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། མི་དམངས་ཀྱི་གྲོས་གཞི་བསྡུ་ལེན་གྱི་བྱ་བའི་ལམ་ལུགས་དང་བྱ་བའི་བརྒྱུད་རིམ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། གཏན་འབེབས་ཀྱི་དུས་བཅད་བླང་བྱ་ལྟར། ཐོ་འགོད་དང་བདག་སྤྲོད། བརྒྱུད་སྐྱེལ། སྒྲུབ་གཉེར། ཚུར་ལན་བཅས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། ཞིང་ཆེན་དང་གྲོང་ཁྱེར(ཁུལ)12345ཡི་གྲོང་མིའི་ཞབས་ཞུའི་ཐད་སྦྲེལ་ཁ་པར་དང་དྲ་ཚིགས་གཙོ་བོས། “ཞུ་གཏུག་ཡོད་ཚེ་འཕྲལ་དུ་སྒྲུབ་དགོས་པའི”སྒུལ་བདེའི་སྤྱོད་སྣེ་སོགས་སྲིད་དོན་སྨྱན་སྦྱོར་གསར་པའི“དྲ་རྒྱའི་བསྡུ་བའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གྲོས་གཞི་འདོན་མཁན་དག་གོ་རིམ་ལྡན་པའི་ངང་མི་དམངས་ཀྱི་གྲོས་གཞི་བསྡུ་བའི་བྱེད་སྒོའི་ནང་ཞུགས་པར་སྟབས་བདེ་བསྐྲུན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号