དགའ་བདེ་རྫོང་གིས་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་བགྲོ་གླེང་སྐབས་དང་པོ་སྤེལ་བ།

ཟླ9པའི་ཚེས10ཉིན། དགའ་བདེ་རྫོང་གི་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་བགྲོ་གླེང་སྐབས་དང་པོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་གྱི་སྤྱི་སྤྱོད་རིག་གནས་ཞབས་ཞུ་ལྟེ་གནས་སུ་སྤེལ། བགྲོ་གླེང་གིས་གསར་གཏོད་སྒུལ་ནུས་དང་ལྗང་མདོག་འཕེལ་རྒྱས། ནོར་གནག་ཐོན་ལས་ཀྱི་འབྱུང་འགྱུར་གསར་བ་མཉམ་སྐྲུན་བྱ་ཞེས་པ་བརྗོད་དོན་བྱས་ཏེ། བརྗོད་དོན་གཏམ་བཤད་དང་ཆེད་དོན་ཞིབ་འཇུག་བགྲོ་གླེང་གི་བྱེད་ཐབས་སྤྱད་དེ། དགའ་བདེ་རྫོང་གི་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་བ་དང་གོ་སྐབས་གསར་བ། འགྲན་སློང་གསར་བ་བཅས་ལ་མཉམ་ཞིབ་བྱས་ནས། དགའ་བདེ་རྫོང་གི་ནོར་གནག་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། 

བགྲོ་གླེང་ཡུལ་དངོས་སུ་ཆེད་མཁས་པ་དང་ཞིང་འབྲེལ་ཁེ་ལས་ཀྱི་འཐུས་མི། འབྲོག་པའི་འཐུས་མི་སོགས་མི7གྱིས་དགའ་བདེ་རྫོང་གི་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་ཁག་དང་ཞེན་ཆ་སྐོར་ལ་འབྲེལ་ཏེ་བརྗོད་དོན་གཏམ་བཤད་དང་ཆེད་དོན་ཞིབ་འཇུག་བགྲོ་གླེང་བྱས། ནོར་གནག་ཐོན་ལས་ནི་དགའ་བདེ་རྫོང་གི་ཆེས་ཁྱད་ཆོས་ལྡན་ཞིང་འཕེལ་རྒྱས་ཀྱི་མདུན་རྒྱ་ཡངས་པ་དང་། འཕེལ་རྒྱས་ཀྱི་ལྐོགས་ཤུགས་ཆེ་བའི་ཐོན་ལས་འགངས་ཆེན་གཅིག་ཡིན་ལ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་འཚོ་གནས་རྟེན་གཞིའི་ཐོན་ཁུངས་ཉག་གཅིག་ཀྱང་ཡིན་པས། 2023ལོར་དགའ་བདེ་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང36བཙུགས་པ་དང་། མཉམ་ལས་ཁང་དེར་ད་ཡོད་ཀྱི་མ་རྐང་ནང་ཞུགས་པའི་ཁྱིམ་ཚང4706ཡོད་པ་དང་བསྡོམས་པས་ཡོང་འབབ་སྒོར་ཁྲི517.55ཟིན།

དགའ་བདེ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་རྡོ་རྗེ་ཚེ་བརྟན་གྱིས་ང་ཚོས“ཚན་རིག་ཞིབ་འཇུག་གླིང་དང་འབུམ་རམས་པའི་ལས་དོན་ས་ཚིགས། ཚན་རིག་ཞིབ་འཇུག་གི་ཆེད་མངགས་པ“སོགས་ཀྱི་སྟེགས་བུར་བརྟེན་ནས་ཚན་རིག་ཞིབ་འཇུག་དང་། རིགས་རྒྱུད་གསོ་སྤེལ། ལས་ཆོད་མཐོན་པོའི་གསོ་སྤེལ། རིམས་ནད་འགོག་སྡོམ་སོགས་ཀྱི་ཕྱོགས་ལ་མུ་མཐུད་དུ་ཤུགས་བསྣན་ནས་ཞིང་ཆེན་ཕྱི་ནང་གི་ཚན་རིག་ཞིབ་འཇུག་ཁང་དང་སློབ་གྲྭ་སོགས་དང་མཉམ་ལས་བྱེད་ཚད་ཇེ་ཆེར་གཏོང་པ་དང་། དགའ་བདེ་ནོར་གནག་གི་གསོ་སྤེལ་ཐོན་ཁུངས་དང་གསོ་སྐྱོང་བྱེད་པ། དགའ་བདེ་རྫོང་གི‘གཡག་ཁྲི་ཕྲག’གི་གསོ་ཚགས་རྟེན་གཞི་སྐྲུན་པ། འབྲི་གཡག་གི་རྒྱུད་པ་སླར་གསོ་བྱེད་པའི་ལག་རྩལ་ཁྱབ་གདལ་དང་དཔེ་སྟོན་བྱས་ཏེ་ཚན་རྩལ་གྱིས‘དགའ་བདེའི་འབྲི་གཡག་གི་ལྡབ་འཕར་འཆར་གཞིར’འདེགས་སྐྱོར་བྱེ་དགོས་ཞེས་བརྗོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号