གཅིག་སྒྲིལ་རྫོང་གི་རིགས་གཞུང་སློབ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དམ་འཛིན་ཡག་པོ་བྱ་རྒྱུ་དེ་མགོ་ཁྲིད་ལས་བྱེད་པའི་རིགས་གཞུང་གི་ཆུ་ཚད་དང་། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། མགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐབས་ལམ་གལ་ཆེན་དུ་བརྩིས་ནས། སློབ་སྦྱོང་གི་ནང་དོན་དང་རྣམ་པ་དང་ཕན་འབྲས། ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ཁོང་དུ་ཆུད་པར་བྱས་ཏེ། རང་རྟོགས་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སློབ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 

ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་དང་། “རྒྱལ་ཁབ་ཆེན་པོར”དམ་པོར་དམིགས་ཏེ། “གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རིགས་གཞུང་སློབ་སྦྱོང་གི“གྲོས་གཞི་དང་པོ”དང“ནང་དོན་དང་པོར”བརྩིས་ནས། ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་སྤེལ་སོགས་ཕྱོགས་བདུན་ལ་དམིགས་ནས། ཚན་རིག་དང་མཐུན་པའི་ངང་སློབ་སྦྱོང་གི་ནང་དོན་བཀོད་སྒྲིག་བྱས་ཏེ། རྒྱུན་དུ་སློབ་སྦྱོང་བྱས་ན་རྒྱུན་དུ་རྣམ་པ་གསར་པ་ཐོན་པ་དང་། རྒྱུན་དུ་བསམ་བློ་བཏང་ན་རྒྱུན་དུ་གསལ་བ། རྒྱུན་དུ་ཞིབ་འཇུག་བྱས་ན་རྒྱུན་དུ་ཐོབ་པ་བཅས་བྱེད་དགོས། ཏང་ཨུའི་རིམ་པ་སོ་སོས་སྒེར་གྱི་རང་སྦྱོང་དང་ཐུན་མོང་གི་ཞིབ་འཇུག གཞི་རྟེན་སློབ་སྐྱོར། ཆེད་མཁས་པའི་སློབ་ཁྲིད་ཉན་པ་སོགས་ཀྱི་སློབ་སྦྱོང་བྱེད་སྟངས་བརྒྱུད་དེ་རིགས་གཞུང་སློབ་སྦྱོང་མི་སེམས་སུ་ཟུག་པར་བྱས། 

གཅིག་སྒྲིལ་རྫོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་ཁ་གསལ་བཟོས་ནས། སྤུས་ཚད་མཐོ་བའི་རིགས་གཞུང་སློབ་སྦྱོང་གི་ཕན་འབྲས་དེ་སྤུས་ཚད་མཐོ་བའི་སྐུལ་འདེད་ལས་དོན་སྟེང་དོན་འཁྱོལ་བྱས་ཡོད། གཅིག་སྒྲིལ་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཕེལ་རྒྱས་ཀྱི་ལྟ་བ་ཡོ་བསྲང་བྱེད་པ་དང་། “འཕེལ་རྒྱས་གཏོང་བར་བྲེལ་འཚུབ་མི་སྐྱེས་པའི”བསམ་བློ། “བརྒྱུད་རིམ་ལ་མཐོང་ཆེན་དང་གྲུབ་འབྲས་ལ་མཐོང་ཆེན་མི་བྱེད་པའི”འདུ་ཤེས། “སྨན་ཐོ་མེད་ན་སྨན་སྟེར་མི་ཕོད་པའི”བྱེད་སྟངས། “མིག་འདུན་བསམ་པ་ལས་རྒྱང་རིང་ལ་བསམ་བློ་མི་གཏོང་བའི”བསམ་གཞིགས། “ཞིབ་ཆར་མི་ལྟ་བར་ཕལ་ཆེར་ཆོག་པའི”བསམ་ཚུལ། “ཐོན་སྐྱེད་ལ་མཐོང་ཆེན་དང་གཉེར་སྐྱོང་ལ་མཐོང་ཆུང་བྱེད་པའི”བསམ་བློ་བཅས་དོར་ནས། སྤྱོད་ཚུལ་འཛུགས་སྐྱོང་དང་ལས་ཀའི་སྤྱོད་ཚུལ་ཏན་ཏིག་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། རང་འགན་གཙང་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས། གོང་འོག་གི་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号