འཛམ་ཐང་གིས་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྤེལ།

ཏང་གི་མི་རིགས་ལས་དོན་བྱེད་ཕྱོགས་ལག་ལེན་དོན་འཁྱོལ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། མི་རིགས་སོ་སོའི་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས། བདེ་འཇགས་འདུ་ཤེས་བཅས་ཤུགས་ཆེར་བཏང་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། འཛམ་ཐང་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱིས་ཞིབ་དཔྱོད་ཁང་དང་འཕྲོད་བསྟེན་བདེ་ཐང་ཅུས། བོད་སྨན་ཁང་སོགས་ལས་ཁུངས་དང་མཉམ་འབྲེལ་སྒོས་ཀྲུང་གོ་གསར་བ་བཙུགས་ནས་ལོ་ངོ་བདུན་ཅུ་དོན་ལྔ་ལོན་པར་རྟེན་འབྲེལ་ཞུ་བ་དང་འཛམ་ཐང་གི་བུ་དང་བུ་མོ་ཚོས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ་ཞེས་པ་བརྗོད་གཞི་ཡིན་པའི2024ལོའི་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྤེལ།

བྱེད་སྒོའི་ཁྲོད་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་རང་ལས་ཁུངས་ཀྱི་ལས་སྒོའི་ལས་ཀ་དང་འབྲེལ་ནས་སྲིད་གཞུང་ཐང་ཆེན་དུ་ཀྲུང་དབྱང་དང་ཞིང་ཨུའི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་དང་། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཅུས་དང་ཁྲིམས་ལུགས་ཁྲིམས་སྲོལ་སོགས་ཀྱི་ནང་དོན་དྲིལ་སྒྲོག་བྱས། ཡུལ་དངོས་སུ་དྲིལ་སྒྲོག་བརྙན་ཐུང་སྟོན་པ་དང་སྒྲོག་བྱང་། དྲིལ་སྒྲོག་ལག་དེབ་འགྲེམ་པ། འདྲི་རྩད་སྟེགས་བུ་སྐྲུན་པ་སོགས་ཐབས་སྣ་ཚོགས་ཀྱི་སྒོ་ནས་དྲིལ་སྒྲོག་སྤེལ་བར་ལམ་འགྲོ་བ་མང་བོས་དོ་སྣང་བྱས་པ་དང་། མི་ཚང་མར་རང་རྒྱལ་གྱི་མི་རིགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ལ་རྒྱུས་ལོན་ཞིབ་མོ་ཡོང་བར་བྱས། ལས་བཟོ་དག་གིས་ངང་རྒྱུད་རིང་བོས་མང་ཚོགས་ཚོར་རྒྱུ་ཆའི་ནང་དོན་འགྲེལ་བཤད་གནང་བར་མ་ཟད། དྲི་བ་དག་ལ་དྲིས་ལན་བཏབ་ནས། མི་ཚང་མ་མི་རིགས་མཐུན་སྒྲིལ་སྔར་བས་ལེགས་པོར་འཛུགས་པའི་ཁྲོད་ཞུགས་པར་སྐུལ་སློང་བྱས།

རྒྱུས་ལོན་པ་ལྟར་ན། ཐེངས་དེའི་བྱེད་སྒོར་སྒྲོག་བྱང4དང་དྲིལ་སྒྲོག་འཕྲེད་བྱང23། དྲིལ་སྒྲོག་ལག་དེབ2500ལྷག རས་ཁུག་དང་ཆར་གདུགས། སྨྱུག་སྒམ་སོགས་དྲིལ་སྒྲོག་ཐོན་རྫས2500ལྷག་བཀྲམ།

གོམ་སྟབས་རྗེས་མར། འཛམ་ཐང་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་སྐུལ་ཟླ་བའི་གོ་སྐབས་དམ་འཛིན་གྱིས་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བྱ་བ་ལེགས་པར་སྒྲུབ་ནས། མི་རིགས་སྲིད་ཇུས་དང་མི་རིགས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་མཐིལ་ཕྱིན་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་མཐུད་སྐུལ་སྤེལ་བྱེད་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号