དཔལ་ཡུལ་རྫོང་གིས་ཕུལ་བྱུང་དགེ་སློབ་ཁག་གཅིག་ལ་སྒོར་ཁྲི505སྤྲད་པ།

ཟླ9པའི་ཚེས10ཉིན། དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གིས་དགེ་རྒན་དུས་ཆེན་ཐེངས40པར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་དང་རིག་རྩལ་འཁྲབ་སྟོན་བྱེད་སྒོ་དཔལ་ཡུལ་རྫོང་སློབ་འབྲིང་དུ་སྤེལ་ཞིང་། ཚོགས་ཆེན་ཐོག་དཔལ་ཡུལ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཁྱོན་མ་དངུལ་སྒོར་ཁྲི505བཏང་ནས་ཕུལ་བྱུང་དགེ་སློབ་ཁག་གཅིག་ལ་གཟེངས་བསྟོད་བྱས་ཏེ། སློབ་གསོ་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

དེའི་ཁྲོད་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བའི་བྱ་དགའ་དངུལ་སྒོར་ཁྲི180དང་། སློབ་མ་བཟང་པོ་སྐྱེད་སྲིང་གི་བྱ་དགའ་དངུལ་སྒོར་ཁྲི183ལས་འཁྱུར་ངལ་གསོ་གནང་བའི་དགེ་རྒན་བཟང་པོར་གཟེངས་བསྟོད་བྱེད་པའི་བྱ་དགའ་དངུལ་སྒོར་ཁྲི142བཅས་ཚུད་ཡོད།

བྱེད་སྒོ་སྤེའི་ཡུལ་དངོས་སུ། དགེ་རྒན་གྱི་དྲིན་ཚོར་བ་དང་དགེ་རྒན་ལ་བརྩི་བཀུར་ཞུ་བའི་འཁྲབ་སྟོན་ལེ་ཚན་སྣ་ཚོགས་གྲ་སྒྲིག་ཞུས་པ་དང་། དགའ་བའི་ཐལ་མོའི་རྡེབ་སྒྲ་དང་། སྨོན་ཚིག་རེ་རེ་ལས་ཕ་མ་དང་ཕྲུ་གུ་དེ་བཞིན་སྤྱི་ཚོགས་ཡོངས་ནས་རྒྱ་ཆེའི་དགེ་རྒན་རྣམས་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད་ལ། དགེ་རྒན་ཚོས་ཀྱང་འཁྲུག་ཆ་དོད་ཅིང་བརྗེད་པར་དཀའ་བའི་དུས་ཆེན་ཞིག་དགའ་གཏོང་བྱས་ཡོད། བྱེད་སྒོ་འདི་བརྒྱུད་དགེ་སློབ་དབར་གྱི་འབྲེལ་བ་སྔར་བས་དམ་ཟབ་ཏུ་ཕྱིན་ཡོད་ལ། དགེ་རྒན་ཚོས་སློབ་གསོའི་བྱ་གཞག་ཆེད་ལེགས་སྐྱེས་འབུལ་བའི་ཆོད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་ཡོད། 

དཔལ་ཡུལ་རྫོང་གྲོང་གི་ཞག་སྡོད་ལམ་ལུགས་ཀྱི་ཆ་ཚང་སློབ་ཆུང་གཉིས་པའི་དགེ་རྒན། “གྲོང་ཚོ་གཅིག་དང་བུ་བཅོལ་ཁང་གཅིག་གི་ཕུལ་བྱུང་ཟུར་ཁྲིད་པའི”གཟེངས་བསྟོད་ཐོབ་མཁན་དགེ་རྒན་སྐལ་བཟང་ཆོས་སྒྲོན་གྱིས་དེ་རིང་བྱ་དགའ་དེ་ཐོབ་པར་ཧ་ཅང་དགའ་པོ་བྱུང་། དབུ་ཁྲིད་དང་ལས་རོགས་ཚོས་ང་ལ་ཁས་ལེན་གནང་བར་ཐུགས་རྗེ་ཆེ་ཞུ། ངའི་ངོས་ནས་བརྗོད་ན་འདི་ནི་འགོ་འཛུགས་ས་གསར་པ་ཞིག་ཡིན་པས་སླད་ཕྱིན་ངས་མུ་མཐུད་འབད་བརྩོན་བྱས་ཏེ། རང་ཉིད་ཀྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་བཏང་ནས་ཕ་ཡུལ་གྱི་སློབ་མ་ཚོར་དེ་བས་ལེགས་པའི་སློབ་གསོའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས།

ཆ་ཚང་སློབ་ཆུང་གསུམ་པའི་སློབ་སྤྱི། ཕུལ་བྱུང་སློབ་སྤྱིའི་མཚན་སྙན་ཐོབ་མཁན་དགེ་རྒན་བློ་བཟང་རྒྱ་མཚོས། དབུ་ཁྲིད་རྣམ་པས་ང་ལ་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་སློབ་གྲྭའི་ངོས་ནས་བརྗོད་ན། བྱ་དགའ་འདི་ནི་དགེ་སློབ་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་ཐུན་མོང་འབད་བརྩོན་དང་དཀའ་སྤྱད་འབད་འཐབ་བྱས་པར་ཁས་ལེན་གནང་བ་ཞིག་ཡིན་པས། ང་ཚོའི་འབྱུང་འགྱུར་གྱི་ལས་དོན་ལ་སྐུལ་མ་ཐེབས་ཐུབ་ངེས་རེད། ང་ཚོས་གཟི་བརྗིད་མཚན་སྙན་འདི་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱས་ནས། སློབ་གྲྭའི་འབྱུང་འགྱུར་གྱི་འཕེལ་རྒྱས་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གསུངས།

དཔལ་ཡུལ་སློབ་འབྲིང་དྲ་རྒྱ་འཛིན་གྲྭའི་དགེ་རྒན། དགེ་རྒན་ཆེས་མཛེས་ཤོས་ཀྱི་མཚན་སྙན་ཐོབ་མཁན་དགེ་རྒན་ཧོང་དབྱི་མའེ་ཡིས། འཛིན་གཙོ་དགེ་རྒན་རྣམ་པའི་བློ་སྤོབས་ཆེ་བའི་ཚོད་ལྟ་རེ་རེ་དང་། ལྷག་བསམ་ཟོལ་མེད་ཀྱི་རོགས་རམ་རེ་རེས། ཕྲུ་གུ་ཚོའི་མི་ཚེའི་ལམ་བུ་ཁྲོད་རིན་ཐང་བྲལ་བའི་སེམས་ཤུགས་དང་འོད་སྣང་རེ་སྩོལ་ཐུབ། སླད་ཕྱིན་གྱི་ལས་དོན་ཁྲོད། ངས་མུ་མཐུད་འབད་བརྩོན་བྱས་ཏེ། དཔལ་ཡུལ་གྱི་སློབ་གསོ་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་རང་ནུས་གང་ལྕོགས་ཀྱིས་ཞབས་ཞུ་སྒྲུབ་རྒྱུ་ཡིན་ཞེས་གསུངས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号