ཟི་ལིང་གསར་སྤེལ་ཁུལ་གྱི་གཙོ་གནད་རྣམ་གྲངས7ལ་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར2.59ཡི་རྒྱབ་སྐྱོར་ཐོབ་པ།

ཟླ9པའི་ཚེས6ཉིན་གསར་འགོད་པས་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནས་ཤེས་གསལ་ལྟར་ན། གསར་སྤེལ་ཁུལ་གྱི་གླིང་ཁུལ་ཁག་གི་མདོང་ལམ་དྲ་བ་རྙིང་པ་ཉམས་གསོ་བསྒྱུར་བཀོད་དང་། ཆུ་ལམ་མ་ལག་རིམ་སྤོར་བསྒྱུར་བཀོད། ཤེལ་གཟུགས་རྐྱང་པའི་གྲངས་གཞི་ཅན་གྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་ལག་རྩལ་སྒྱུར་བཀོད། དཔེ་སྟོན་བེད་སྤྱོད་སོགས་གཙོ་གནད་རྣམ་གྲངས7ལ་རྒྱལ་ཁབ་ཀྱི་དུས་ཡུན་རིང་པོའི་དམིགས་བསལ་རྒྱལ་བུན་མ་དངུལ་གྱི་རྒྱབ་སྐྱོར་སྒོར་དུང་ཕྱུར2.59ཐོབ་པ་རེད།

རྒྱུས་ལོན་པ་ལྟར་ན། ཏུང་ཁྲོན་བཟོ་ལས་གླིང་ཁོངས་གཏོགས་ལེ་ཅ་དབན་གཞིས་ཁུལ་གྱི་ལྕགས་མདོང་དྲ་བ་རྙིང་པ་ཉམས་བཟོ་བསྒྱུར་བཀོད་དང་། ཁུ་ནུ་ལམ་གྱི་ལྕགས་མདོང་རྙིང་པ་བསྒྱུར་བཀོད། གླིང་ཁུལ་གྱི་ཆུ་ལམ་མ་ལག་མཐོར་གཏོང་བསྒྱུར་བཀོད། མཚོ་སྔོན་གློག་རྡུལ་རྒྱུ་ཆའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཅས་ཀྱིས་ལོར་ཐོན་སྐྱེད་བྱས་པའི་རིམ་པ་མཐོ་བའི་ཟངས་ཤོག་ཏུན25000གི་སྒྲིག་ཆས་རིམ་སྤོར་བསྒྱུར་བཀོད་བཅས་རྣམ་གྲངས4ལ་ཡུན་རིང་ཚད་བརྒལ་གྱི་དམིགས་བསལ་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར1.50ཙམ་འགྲེམ་གཏོང་བྱས། ནན་ཁྲོན་བཟོ་ལས་གླིང་ཁུལ་ཞུས་ཅ་ཀྲའེ་གཞིས་ཁུལ་གྱི་ཆུ་འབུད་རྣམ་གྲངས་དང་། ཀའོ་ཅིན་ཉི་འོད་ནུས་པའི་བདར་མང་ཀུའེ་ཡི་གྲངས་གཞི་ཅན་གྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་ལག་རྩལ་བསྒྱུར་བཀོད་དང་དཔེ་སྟོན་བཀོལ་སྤྱོད། མཚོ་སྔོན་ལི་ཧའོ་ཆིང་གི་བདར་མང་ཀུའེ་ཡི་རླངས་ཐོན་ཕལ་བ་ཚུར་བསྡུ་བེད་སྤྱོད་དང་ནུས་རྒྱུ་གྲོན་ཆུང་བསྒྱུར་བཀོད་བཅས་རྣམ་གྲངས་གསུམ་ལ་ཡུན་རིང་ཚད་བརྒལ་གྱི་དམིགས་བསལ་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར་1.09ལྷག་འགྲེམ་གཏོང་བྱས།

ཟི་ལིང་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་མ་འཇོག་སྐུལ་སྤེལ་ཅུའུ་ཡི་འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་ནས་བཟུང་ཟི་ལིང་གསར་སྤེལ་ཁུལ་གྱིས་བཟོ་ལས་ཅན་གསར་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་། གྲངས་གཞི་ཅན་དུ་སྒྱུར་བ་དང་ལྗང་མདོག་ཅན་གྱི་རིམ་སྤོར་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་གསར་བརྗེས་བསྒྱུར་བཀོད་དང་། བཟོ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་བརྗེས་བསྒྱུར་བཀོད། ནུས་སྤྱོད་སྒྲིག་བཀོད་གསར་བརྗེས་བསྒྱུར་བཀོད་སོགས་གཙོ་གནད་ཁ་ཕྱོགས་ལ་དམིགས་ཏེ་རྫས་འགྱུར་བཟོ་ལས་དང་། མདོག་ལྡན། འོད་ཤུགས། འཁལ་འཐག སྨན་བཅོས་སོགས་གཙོ་གནད་ལས་རིགས7འབུར་དུ་ཐོན་པར་བྱས་ཡོད་ལ། “ཉེ་དུས་ལག་བསྟར་བྱེད་ནུས་པ་དང་། དུས་དཀྱིལ་དུ་གསོག་འཇོག་ཡོད་པ། དུས་ཡུན་རིང་བོར་སྙན་ཞུ་འབུལ་ཆོག་པ”བཅས་ཀྱི་རྩ་དོན་ལྟར། རྒྱལ་ཁབ་ཀྱི་སྲིད་ཇུས་ལ་དམིགས་ཏེ་ལེགས་སྒྲིག་དང་གྲབས་གསོག་བྱས་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར96ལྷག་བཏང་བ་དང་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར25ལྷག་རེ་ཞུ་བྱ་རྩིས་ཡོད་པ་རེད།

ཟི་ལིང་གསར་སྤེལ་ཁུལ་གྱིས་རྒྱལ་ཁབ་ཀྱི་དུས་ཡུན་རིང་པོའི་དམིགས་བསལ་རྒྱལ་བུན་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་མུ་མཐུད་དུ་བརྩོན་ལེན་བྱེད་པའི་རྨང་གཞིའི་སྟེང་། འབྲེལ་ཡོད་གླིང་ཁུལ་དང་ཁེ་ལས་སོ་སོར་རྣམ་གྲངས་འཛུགས་སྐྲུན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་དོན་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཕན་འབྲས་ཡོད་པའི་སྒོ་ནས་མ་དངུལ་གཏོང་བ། རྒྱལ་ཁབ་ཀྱི་དུས་ཡུན་རིང་པོའི་དམིགས་བསལ་རྒྱལ་བུན་མ་དངུལ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ཕན་འབྲས་འདོན་སྤེལ་ཏན་ཏིག་བྱེད་པ། གསར་སྤེལ་ཁུལ་གྱི་ཐོན་ལས་རིམ་སྤོར་དང་གཞན་སྒྱུར་ལ་རམ་འདེགས་བྱེད་པ། ཟི་ལིང་གི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་སྐྱེད་སྲིང་བྱེད་པ་དང་འཕེལ་རྒྱས་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号