གླིང་གེ་སར་གྱི་རོལ་དབྱངས་ཟློས་གར་ཞིག་ཡུལ་འདིར་འཁྲབ་རྒྱུ་རེད་འདུག

འཕྲེད་རྒྱུག་རི་རྒྱུད་ཀྱི་ཤར་ལྷོའི་མཚམས་སུ་ཡོད་པའི་དཀར་མཛེས་ཁུལ་སྡེ་དགེ་རྫོང་དུ་གནའ་བོའི་ངག་རྒྱུན་དང་དེང་རབས་ཀྱི་འགྱུར་ཁུག་ལྷན་ཅིག་ཏུ་འདྲེས་དུས། ངོ་མཚར་ཆེ་བའི་ལྟད་མོ་ཇི་འདྲ་ཞིག་སྟོན་རྒྱུ་ཡིན་ནམ།

ཟླ8པའི་ཚེས25ཉིན། ཀྲུང་གུང་སྡེ་དགེ་རྫོང་ཨུད་དང་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་སྐབས་དང་པོའི་གླིང་གེ་སར་རྒྱལ་པོའི་རོལ་དབྱངས་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པ་འགོ་ཚུགས་རྒྱུ་རེད། འདིས་རོལ་དབྱངས་རིག་གནས་ཀྱི་མིང་ཐོག་ནས་ཁྱེད་རང་སྡེ་དགེ་རུ་གདན་འདྲེན་ཞུས་ཏེ་ལོ་རྒྱུས་སྙན་ངག་རིམ་པའི་མིག་གི་དགའ་སྟོན་དང་སེམས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་འབུལ་རྒྱུ་རེད།

སྣ་མང་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ལ་བརྟེན་ནས་སྡེ་དགེ་རྫོང་གིས་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་ཞིག་གསར་དུ་བརྩམས་ཡོད། ཡུལ་འདིར་ཁམས་པའི་རིག་གནས་ལྟེ་གནས་དང་གེ་སར་རྒྱལ་པོའི་ཕ་ཡུལ། ཟུར་ལུགས་བོད་སྨན་གསོ་རིག་གི་འབྱུང་ཁུངས། ཀྲུང་གོའི་བོད་རིགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཕ་ཡུལ་སོགས་ཀྱི་མཚན་སྙན་ལྡན་ཡོད།

སྡེ་དགེ་རུ་འཛམ་གླིང་གི་བོད་ཀྱི་རིག་གནས་ཀྱི་གཏེར་མཛོད་སྡེ་དགེ་པར་ཁང་དང་ཡིད་ལྷུང་ལྷ་མཚོ། ཀྲུང་གོའི་ཤྭ་བ་མཆུ་དཀར་གྱི་རང་བྱུང་སྲུང་སྐྱོང་ཁུལ་ཆེ་ཤོས། རྔམ་བརྗིད་ཆེ་བའི་སྡེ་དགེ་ཁྲོ་ལ་སོགས་མཛེས་ལྗོངས་ཁུལ་གྱིས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ཅིང་། དུས་མཚུངས་སུ་བོད་ཡིག་གི་ཡིག་གཟུགས་དང་ཀརྨ་སྒར་བྲིས་ཀྱི་ཐང་ག སྨན་ཤོད་ཀྱི་རྫ་ནག་སོགས་མངོན་མིན་རིག་གནས་ཤུལ་བཞག་གིས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་སྡེ་དགེའི་རྒྱ་ཆེ་ལ་གཏིང་ཟབ་པའི་ཉམས་འགྱུར་མངོན་ཡོད།

སྡེ་དགེ་རུ་བསྐྱོད་ན། ལོ་རྒྱུས་སྙན་ངག་གི་དེབ་ཐེར་མཐུག་པོ་ཞིག་ཁ་ཕྱེ་བ་དང་འདྲ་བར། ཤོག་ལྷེ་རེ་རེའི་ནང་སྡེ་དགེའི་བུ་དང་བུ་མོའི་བློ་གྲོས་དང་བློ་སྟོབས་བཀོད་ཡོད་པ་དང་། ཡིག་འབྲུ་རེ་རེས་གེ་སར་རྒྱལ་པོའི་ངོ་མཚར་ཆེ་བའི་གཏམ་རྒྱུད་བརྗོད་བཞིན་ཡོད། སྡེ་དགེ་རུ་སླེབས་ན་གསོན་ཉམས་ལྡན་པའི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་ཞིག་ཏུ་ཕེབས་པ་དང་འདྲ་བར། འགྲེམས་དངོས་རེ་རེར་རང་ཉིད་ཀྱི་གཏམ་རྒྱུད་རེ་ཡོད་པ་དང་། ཐུག་རེག་རེ་རེ་བརྒྱུད་ལོ་རྒྱུས་ཀྱི་འཕར་རྩ་ཚོར་ཐུབ།

ད་ཐེངས། སྡེ་དགེ་རྫོང་གིས་གེ་སར་རིག་གནས་ལ་གཞི་ཚུགས་ཏེ་རོལ་དབྱངས་རིག་གནས་ཀྱི་མིང་ཐོག་ནས་ལྷན་རྒྱས་ལ་ཟོལ་མེད་ཀྱི་གདན་ཞུ་ཕུལ་ཡོད།

སྡེ་དགེ་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཚེ་དབང་ལྷུན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་སྡེ་དགེ་རྫོང་གིས་རོལ་དབྱངས་རིག་གནས་བྱེད་སྒོ་གཙོ་ཐིག་ཏུ་བྱས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་སྡེ་དགེ་རྫོང་གི་སྐབས་དང་པོའི་གླིང་གེ་སར་རྒྱལ་པོའི་རོལ་དབྱངས་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པ་གྲ་སྒྲིག་ཞིབ་ཚགས་བྱས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ཞིང་། རིག་གནས་ལ་བརྟེན་ནས་དམངས་ཕན་དང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར་སྤེལ་བ།རིག་གནས་ལ་བརྟེན་ནས་ལས་རིགས་དར་ཐབས་བཅས་བྱས་ནས། ཤང་གྲོང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་རིག་གནས་གསོན་ཤུགས་འཕེལ་བར་བྱ་ཆེད་ཡིན།

སྡེ་དགེ་རྫོང་གི་སྐབས་དང་པོའི་གླིང་གེ་སར་རྒྱལ་པོའི་རོལ་དབྱངས་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པས་གྲོང་ཁྱེར་གསར་རྐྱང་ཞིག་གི་བརྗོད་དོན་གླུ་དབྱངས་ཞེས་པ་དང་། གེ་སར་རྒྱལ་པོའི་རོལ་དབྱངས་ཟློས་གར་ཞེས་པ་གཙོ་བོར་འཛིན་ཞིང་། མངོན་མིན་རིག་གནས་འགྲེམ་སྟོན་དང་། གནས་མཆོག་སྡེ་དགེ པར་ཁང་ཆེན་པོ་ཞེས་པའི་རྒྱལ་སྤྱིའི་མངོན་མིན་རིག་གནས་འཚོལ་ཞིབ་ཡུལ་སྐོར། དམངས་ཁྲོད་གཞས་པའི་འགྲན་བསྡུར་ཆེན་མོ་།སྡེ་དགེ་རྫོང་གི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ། དམངས་ཁྲོད་སྐོར་བྲོ་འགྲན་བསྡུར་ཆེན་མོ་སོགས་བྱེད་སྒོ་མང་པོ་མཉམ་དུ་སྤེལ་བ་བརྒྱུད། རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་གིས་ལྟད་མོ་བ་ཚང་མར་སེམས་ཁམས་ཀྱི་སྤེལ་རེས་ཐེངས་རེ་བྱེད་དུ་འཇུག་རྒྱུ་རེད།

ད་ཐེངས་ཀྱི་རོལ་དབྱངས་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པའི་ནང་དོན་གཙོ་བོ་ཡིན་པའི《2024ལོའི་སྡེ་དགེའི་གླིང་གེ་སར་རྒྱལ་པོའི་རོལ་དབྱངས་ཟློས་གར》གྱིས་དེང་རབས་སྒྱུ་རྩལ་གྱི་བྱེད་ཐབས་སྤྱད་དེ། གེ་སར་རྒྱལ་པོའི་ངོ་མཚར་ཆེ་བའི་གཏམ་རྒྱུད་འཁྲབ་སྟོན་གསར་པ་བྱ་རྒྱུ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号