གཙང་གསུམ་འབྱུང་ཡུལ་དུ་རང་བྱུང་ཁམས་ལ་གཟིགས་པའི་བྱ་འགུལ་སྤེལ་བ།

ཉེ་ཆར། ས་ཆ་སོ་སོ་ནས་ཡོང་བའི་རང་བྱུང་ཁམས་ལ་དགའ་མཁན30ལྷག་གིས་རུ་ཁག11བཙུགས་ནས་རྫ་ཆུའི་འགྲམ་རྒྱུད་དུ་འཛོམས་ནས་རང་བྱུང་ཁམས་ལ་གཟིགས་པའི་བྱ་འགུལ་ནང་ཞུགས་པ་དང་། བསྡོམས་པས་རང་བྱུང་ཁམས་ལ་གཟིགས་པའི་ཐོ་འགོད1310སྤྲད་དེ་གཅན་གཟན་རིགས13དང་འདབ་ཆགས་རིགས81། སྐམ་ས་གཉིས་འཚོའི་ལྟོ་འགྲོའི་སྲོག་ཆགས་རིགས3། སྐྱེ་དངོས་རིགས299ཐོ་འགོད་བྱས་ནས་གཙང་གསུམ་འབྱུང་ཡུལ་དུ་མཉམ་གྱིས་གསོན་ཉམས་ལྡན་པའི་རང་བྱུང་སློབ་གསོའི་སློབ་ཁྲིད་ཅིག་བྱས།

ཟླ8པའི་ཚེས23ཉིན་པར་བླངས་པའི་མདོ་དབུས་མཐོ་སྒང་གི་གནའ་བ།

ནང་ཆེན་རྫོང་ནི་རྫ་ཆུའི་སྟོད་རྒྱུད་དུ་གནས་ཤིང་། དེ་ནི་རྫ་ཆུའི་འབབ་རྒྱུད་ཀྱི་སྲུང་སྐྱོང་ཁུལ་དང་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཡིན། གྲོག་རོང་ནང་གི་ས་བབ་ཁྱད་པར་གྱིས་གོང་ནས་འོག་གི་ཐད་དཔྱང་སྔོ་ཁེབས་ཁྱབ་ཁུལ་ཆགས་པའི་ནང་ཁབ་ལོའི་ཤིང་སྣའི་ནགས་ཚལ་དང་མཐོ་གྲང་གི་སྡོང་ཕྲན་ནགས་རྫོབ། མཐོ་སྒང་གི་སྤང་ཁུལ། རི་མཐོའི་བྲག་རི་སོགས་ཀྱི་གཙང་གསུམ་འབྱུང་ཡུལ་མཚོན་པའི་མཛེས་ལྗོངས་གྲུབ་ཡོད། གནས་དེ་ནི་གསའ་དང་གཟིག་མཉམ་དུ་གནས་པའི་མཐོང་དཀོན་པའི་ཁྱབ་ཁོངས་ཡིན་པ་མ་ཟད། རྒྱལ་སྤྱིའི་མིང་དུ་གྲགས་པའི་འདབ་ཆགས་ལ་གཟིགས་སའི་གནས་མཆོག་ཡིན།

རྒྱུས་ལོན་ལྟར་ན། ཐེངས་འདིའི་རང་བྱུང་ཁམས་ལ་གཟིགས་པའི་བྱ་འགུལ་དེ་ནང་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་། པེ་ཅིན་སློབ་ཆེན་རང་བྱུང་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་ངང་གཙོ་གཉེར་བྱས་ཤིང་། དེ་ནི2017ལོའི་ནང་ཆེན་རྒྱལ་སྤྱིའི་རང་བྱུང་ཁམས་ལ་གཟིགས་པའི་བྱ་འགུལ་ཐོག་མ་སྤེལ་རྗེས་ཐེངས་གཉིས་པར་བྱ་འགུལ་དེ་འདྲ་སྤེལ། 

ཟླ8པའི་ཚེས22ཉིན་པར་བླངས་པའི་རི་མཐོའི་བྱ་རྒོད།

རང་བྱུང་ཁམས་ལ་གཟིགས་པའི་བྱ་འགུལ་རིང་རང་བྱུང་ཁམས་ལ་དགའ་མཁན་ཚོས་ས་གནས་འབྲོག་པ་སྣེ་ཁྲིད་མཁན་གྱི་སྣེ་ཁྲིད་འོག རི་སྐྱེས་སྲོག་ཆགས་ལ་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག་ཏུ་གཏན་ཁེལ་ཁུལ་དུ་སོང་ནས་རང་བྱུང་ཁམས་ལ་གཟིགས་པའི་བྱ་འགུལ་སྤེལ་ཞིང་། གསར་དུ་མཐོང་བའི་སྲོག་ཆགས་དང་སྐྱེ་དངོས་རིགས་པར་བླངས་ནས། མཐར་ཆེད་མཁས་མི་སྣ་དཔྱད་དཔག་རུ་ཁག་གིས་གཏན་ཁེལ་བྱ་རྒྱུ་རེད།

ཟླ8པའི་ཚེས24ཉིན་པར་བླངས་པའི་བྱ་ཝང་དཀར་པོ་ཡིན།

རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་རྒྱལ་ཁབ་སྤྱི་གླིང་གི་རུ་ཁག་འགན་ཁུར་མི་སྣ་ཆིན་ཞོན་གྱིས། རང་བྱུང་ཁམས་ལ་གཟིགས་པའི་བྱ་འགུལ་ནི་རང་བྱུང་སློབ་གསོ་སྤེལ་བའི་འདེགས་སྐྱོར་གལ་ཆེན་ཡིན། རང་བྱུང་སློབ་གསོ་ནི་སློབ་གསོ་འདུ་ཤེས་ཤིག་དང་ཐབས་ལམ་ཞིག་ཡིན། དེས་གཙོ་བོ་རང་བྱུང་ཁམས་དང་ཉེ་བར་བཅར་བའི་ཚོར་སྣང་དང་རོལ་མྱོངགི་གལ་ཆེན་རང་བཞིན་མཚོན་པ་དང་། དམིགས་ཡུལ་ནི་རང་བྱུང་ཁམས་དང་ཕན་ཚུན་མཉམ་འགུལ་དང་འཚོལ་ཞིབ་ཀྱིས་སྤྱི་དམངས་ཀྱིས་རང་བྱུང་ཁོར་ཡུག་ལ་རྒྱུས་ལོན་བྱེད་པ་དང་། སྲུང་སྐྱོང་དང་བཀུར་བསྟི་འདུ་ཤེས་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་ཟེར། 

ཟླ8པའི་ཚེས22ཉིན་པར་བླངས་པའི་རི་སྐྱེས་སྐྱེ་དངོས་རིགས། 

ཟླ8པའི་ཚེས22ཉིན་རང་བྱུང་ཁམས་ལ་དགའ་མཁན་ཚོས་པར་ལེན་བཞིན་པ། 

རྒྱུས་ལོན་པ་ལྟར་ན། 2016ལོའི་ཚུན། ཡུས་ཧྲུའུ་ཁུལ་རིམ་པ་སོ་སོའི་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ་དང་། གཙང་གསུམ་འབྱུང་ཡུལ་ཁྲི་འདུ་རྫོང་དང་རྫ་སྟོད་རྫོང་སོགས་ཀྱི་ས་ཁུལ་མང་བོས་ཐེངས་མང་པོར་རང་བྱུང་ཁམས་ལ་གཟིགས་པའི་བྱ་འགུལ་སྤེལ་བ་དང་། སྤྱི་དམངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དུས་བབཅད་རྒྱུན་མཐུད་ངང་བརྟག་དཔྱད་བྱས་པ་བརྒྱུད་དེ། ས་གནས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྱུར་ལྡོག་དཔྱད་དཔོག་བྱེད་པ་དང་། ཆབས་ཅིག་ཏུ་བྱ་འགུལ་ཁྲོད་ས་གནས་འབྲོག་མི་གསོ་སྦྱོང་བྱས་ནས་གཞིས་ཁུལ་གཙོ་བོར་འཛིན་པའི་སྐྱེ་ཁམས་རོལ་མྱོང་ཁུལ་དང་རང་བྱུང་སློབ་གསོའི་བྱ་འགུལ་སྤེལ་ནས། རྒྱུན་མཐུད་རང་བཞིན་གྱི་སྐྱེ་ཁམས་སྲུང་སྐྱོང་དཔེ་དབྱིབས་འཚོལ་ཞིབ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号