སྨན་བཅོས་ཤེས་ལྡན་མི་སྣའི"ཚོགས་པ་རང་བཞིན"བོད་སྐྱོར་གྱིས་མང་ཚོགས་ལ་སྨན་བཅོས་དམངས་ཕན་དྲོད་འཁོལ་སྦྱིན།

འདི་ནི་ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཆབ་མདོ་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་སློབ་མ་ཚོར་འོས་འགན་སྨན་བཅོས་བྱེད་བཞིན་པའི་ཚུལ་རེད།

འདི་ནི་སྨན་གླིང་གྲོང་ཁྱེར་འཐིམས་པ་རོང་གྲོང་ཚོའི་ཉེ་འགྲམ་དུ་ཀུང་ཏུང་ཞིང་ཆེན་ཀྲུའུ་ཧུའེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་གྲོང་མི་ཚོར་ལུས་པོ་ཞིབ་བཤེར་བྱེད་བཞིན་པའི་ཚུལ་རེད།

འདི་ནི་པེ་ཅིན་སློབ་ཆེན་མི་དམངས་སྨན་ཁང་གིས་ཁ་གཏད་རོགས་སྐྱོར་བྱེད་པའི་བོད་ལྗོངས་མི་དམངས་སྨན་ཁང་ནད་ལྗིད་མའི་སྨན་བཅོས་ཚན་ཁག་ཏུ་ས་གནས་སྨན་པར་ནད་ཁང་ཞིབ་བཤེར་སྐོར་གླེང་བཞིན་པའི་ཚུལ།

འདི་ནི་དྲག་གསོ་ཐེབས་པའི་ནད་པས་བོད་སྐྱོར་སྨན་པ་ལ་བཀའ་དྲིན་ཞུས་པ།

འདི་ནི་ཧུའུ་པེ་ཁྲང་ཅིང་སློབ་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ལས་གཞི་བོད་སྐྱོར་ཆེད་མཁས་མི་སྣས་ལྷོ་ཁ་གྲོང་ཁྱེར་གྱི་སྨན་པར་ལག་རྩལ་ཁྲིད་སྟོན་བྱེད་པ།

འདི་ནི་ཧྥུའུ་ཅན་ཆོན་ཀྲུའུ་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དུ་འབྲོག་ཁུལ་ནས་བདེ་ཐང་ལུས་བཤེར་བྱེད་བཞིན་པ།

འདི་ནི་ཆིན་ཏའོ་བོད་སྐྱོར་རུ་ཁག་གི་སྨན་བཅོས་དང་བླངས་པས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་ཀྱི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་བཞིན་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ནམ་ཡང་བོད་ལྗོངས་མང་ཚོགས་སེམས་སུ་བཅངས་ནས་ཚད་མཐོ་བའི་ངང་བོད་ལྗོངས་ཀྱི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་མཐོང་ཆེན་བྱས། 2015ལོར་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་པ་རང་བཞིན”གྱི་བོད་སྐྱོར་ལས་དོན་མགོ་བརྩམས་པས་གངས་ལྗོངས་མཐོ་སྒང་དུ་སྔར་ལས་བཟང་བའི་སྨན་པ་ཡོད་པར་གྱུར་བ་མ་ཟད། མང་ཚོགས་ཀྱི་སྒོ་འགྲམ་ནས་སྨན་ཁང་ཡོད་པར་གྱུར། དེས་བོད་ལྗོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་གཏིང་ཟབ་ངང་སྨན་བཅོས་དམངས་ཕན་གྱི་དྲོད་འཁོལ་ཚོར་བ་རེད། 

སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་པ་རང་བཞིན”བོད་སྐྱོར་ལས་དོན་སྤེལ་མགོ་ཚུགས་པའི་ཚུན། རྣམ་པ་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་ཕན་འབྲས་བླངས། མིག་སྔའི་བར་དུ་ཞིང་ཆེན་དང་གྲོང་ཁྱེར17གྱི་སྨན་ཁང184ཡིས་ཆེད་མཁས་མི་སྣ2000མངགས་ནས་བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ཁ་གཏད་རོགས་སྐྱོར་བྱས་པས། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་སྨན་ཁང་དང་གྲོང་ཁྱེར་དང་ས་ཆ7གྱི་མི་དམངས་སྨན་ཁང་སུ་བོད་ལྗོངས་ཡོངས་ལ་ཁྱབ་པའི“1+7”སྨན་བཅོས་མ་ལག་ཆགས། སྨན་བཅོས་སྒོ་བསྟེན་ཚད་སྔོན་ཆད་དང་བསྡུར་ན་ལྡབ་གཅིག་གིས་འཕར་ཞིང་། རིམ་པ་གསུམ་པ་དང་བཞི་བའི་གཤགས་བཅོས་ལོ་རེར་ཆ་སྙོམས་ཀྱིས14000ཟིན། ནད་པ་ལྗིད་མའི་མྱུར་སྐྱོབ་བདེ་བླག་ཚད90%ཟིན་ལ་ཉེ་བས་བོད་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ72.19སླེབས་པ་རེད། ཧུར་བརྩོན་བྱས་པ་བརྒྱུད་དེ་བོད་ལྗོངས་ཀྱིས་སྨན་ཁང་དོ་དམ་དང་སྨན་བཅོས་ཞབས་ཞུ། སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号