དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས།

ཟླ8པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པ། མཚོ་ཤར་གྲོང་ཁྱེར་ཏང་སྲིད་དམག་གི་འཐུས་མི་ཚོགས་པ་བཅས་ཚོགས་ཆེན་ལ་ཞུགས། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གི་འཐུས་མི་ཚོགས་པའི་ཚོགས་གཙོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཧྥུན་ཁྲུན་ཚོགས་འདུར་ཞུགས།

ཉིན་དེའི་སྔ་དྲོའི་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་སྲིད་དོན་བྱ་འགུལ་དང་རིག་རྩལ་འཁྲབ་སྟོན་ཁག་གཉིས་སུ་དབྱེ་ཡོད། རྫོང་སྟོན་གྱི་ནང་དོན་གཙོ་བོ་ཡིན་པའི་ཆ་ནས་འཐུས་ཚབ་ཚོགས་པ་ཕྱི་དྲོར་དཔའ་ལུང་རྫོང་གི་བྱ་བའི་སྙན་ཞུའི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྟེན་འབྲེལ་ཚོགས་པས་མཚེ་མགུར་ཁུལ་གསར་སློབ་འབྲིང་དང་དཔའ་ལུང་རྫོང་མི་དམངས་སྨན་ཁང་ལ་རྟོག་ཞིབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པས་དཔའ་ལུང་རྫོང་མི་དམངས་དྲག་ཆས་པུའུ་དང་དྲག་ཆས་ཉེན་རྟོག་དཔའ་ལུང་རུ་འབྲིང་ལ་རྟོག་ཞིབ་བྱས་པ་དང་། མཚོ་ཤར་གྲོང་ཁྱེར་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པས་དཔའ་ལུང་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་དེ་མིན་ཁོར་སྲུང་ལས་བཟོ་པའི་ཁྱིམ་དུ་སོང་ནས་རྟོག་ཞིབ་དང་འཚམས་འདྲི་བྱས།  དགོང་མོ་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་འཚམས་འདྲིའི་འཁྲབ་སྟོན་ལ་བལྟས།

དཔའ་ལུང་རྫོང་ནི་ས་སེར་མཐོ་སྒང་དང་མཚོ་བོད་མཐོ་སྒང་གི་བར་བརྒལ་ཁུལ་དུ་ཆགས་ཤིང་། ས་དབྱིབས་ལ“རི་བོ་བརྒྱད་དང་། ཆུ་བོ་གཅིག  ཁྲོན་པ་གཅིག”གི་ཁྱད་ཆོས་ལྡན་ཡོད། 1954ལོར་རྫོང་བཙུགས་པ་ནས་བཟུང་། དཔའ་ལུང་རྫོང་གིས་བློ་བརྟན་འགྱུར་མེད་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་གི་རླབས་ཆེན་བགྲོད་ལམ་དེད་དེ་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་འཛུགས་སྐྲུན་དང་ཏང་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བས་བྱ་གཞག་སོ་སོར་གྲུབ་འབྲས་ཧ་ཅང་ཆེན་པོ་བླངས་ཡོད།  ལོ་ངོ70ཡི་ལོ་རྒྱུས་འཕོ་འགྱུར་ཁྲོད། དཔའ་ལུང་རྫོང་གི་རིགས་སོ་སོའི་བུ་དང་བུ་མོ་རྣམས་ཀྱིས་སྒྲུབ་ཕོད་དང་དཀའ་སྒྲུབ།  དངོས་སྒྲུབ་བཅས་ལ་བརྟེན་ནས། བཀག་སྡོམ་ནས་སྒོ་འབྱེད་ཀྱི་ཕྱོགས་སུ་བསྐྱོད་པ་དང་། དབུལ་ཕོངས་ནས་ཕྱུག་པོའི་ཕྱོགས་སུ་བསྐྱོད་པ། རྗེས་ལུས་ནས་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་པའི་བརྗིད་ཉམས་ལྡན་པའི་རི་མོ་ཞིག་བྲིས་ཡོད།

དཔའ་ལུང་རྫོང་ལ“འཐེན་ཐུག་གི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད་པ་དང་། ད་ལྟ་དཔའ་ལུང་པ་འབུམ་གཅིག་དང་ཁྲི་གཅིག་སྟོང་གསུམ་དང་བརྒྱ་ལྷག་གིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང337དུ་འཐེན་ཐུག་གི་ཟ་ཁང་ཁྲི་གཅིག་དང་སྟོང་བརྒྱད་ཙམ་ཕྱེས་ཡོད་པ་དང་། ལོ་རེའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་ལྔ་ཟིན་གྱི་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号