ཆེད་མཁས་པས་བློ་མདོན་ཇུས་འབུལ་བྱས་ཏེ་མདོ་ལའི་སྤུས་ལེགས་ཐོན་རྫས་རྒྱལ་ཡོངས་སུ་བསྐྱོད་པར་རོགས་འདེགས་བྱས་པ།

ཟླ8པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི“མདོ་ལའི་རི་འདེབས་ཀྱི་ཕྱུགས་ར་ལེགས་པོ”མདོ་ལའི་བོད་ལུག་དང་ནོར་གནག ཤ་མོ་སེར་པོ་བཅས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྲེལ་མཐུད་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། རྒྱལ་ཡོངས་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་ནས་ཐོན་པའི་སྐུ་མགྲོན་རྣམས་ལྷན་དུ་འཛོམས་ནས“མདོ་ལའི་རི་འདེབས་ཀྱི་ཕྱུགས་ར་ལེགས་པོ”ཞེས་པའི་མིང་རྟགས་འཛུགས་སྐྱོང་ཐད་མཉམ་གཅིག་ཏུ་གྲོས་བསྡུར་བྱས་པ་དང་ཡུལ་དངོས་སུ་རྣམ་གྲངས་དྲུག་གི་དངུལ་འབོར་སྒོར་ཁྲི8766ལ་གན་རྒྱ་བཞག

ཉེ་བའི་ལོ་འགའི་རིང་མདོ་ལ་རྫོང་གིས“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུ”དམིགས་ཚད་དུ་བྱས་ནས། “5+10”ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང“སོན་ལས་དར་རྒྱས་གཏོང་བ”དང“ཚན་རྩལ་ནུས་སྤྲོད”ཀྱིས་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་བརྒྱུད། ཐོན་རྫས་སྣ་ཁ་ལེགས་སུ་གཏོང་བ་དང་སྤུས་ཚད་ལེགས་འགྱུར། མིང་རྟགས་གསར་སྐྲུན་བཅས་གྲུབ་འབྲས་མངོན་གསལ་ཐོབ། མདོ་ལ་རྫོང་གི་རྩྭ་ར་མུའུ་ཁྲི་1409(སྤྱི་ཆིང་ཁྲི་94ཙམ་ཡོད)དང་ནོར་ལུག་ཁྲི106ཡོད་ལ། བསྟུད་མར་ལོ་བརྒྱད་ལ་ལྗང་མདོག་སྐྱེ་ལྡན་ཁས་ལེན་ཐོབ་པ་དང་ཞིང་ཕྱུགས་ཐོན་རྫས100ལ“ཐོན་རྫས་གསུམ་དང་ཚད་གཞི་གཅིག”ཞེས་པའི་ཁས་ལེན་ཐོབ། ཞིང་ཆེན་ཡོངས་ཀྱི་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་ཐོག་མ་མདོ་ལ་རྫོང་དུ་བཙུགས་པ་དང་། མདོ་ལའི་བོད་ལུག་དང་ནོར་གནག་གི་ཐོན་རྫས་སྐོར་ཞིག་ལ་ཀྲུང་གོའི་རྒྱལ་སྤྱིའི་སྐྱེ་ལྡན་ཟས་རིགས་དངོས་མང་བཤམས་སྟོན་ཚོགས་འདུ་ལས་གསེར་གྱི་རྟགས་མ་ཐོབ་པ་མ་ཟད། མདོ་ལའི་བོད་ལུག་ནི་ཞིང་ཆེན་ཡོངས་སུ་ཞིང་ལས་དང་གྲོང་གསེབ་པུའུ་ཡི་རྒྱལ་ཡོངས་ཞིང་ལས་མིང་རྟགས་གསོ་སྐྱོང་འཆར་གཞིའི་གྲས་སུ་བཞག་པའི་ཐོན་རྫས་གཅིག་པུ་ཡིན་ལ། མདོ་ལའི་ཤ་མོར་ཀྲུང་གོའི་ལྗང་མདོག་བཟའ་བཅའི་དངོས་མང་སྟོན་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་སོགས་“མདོ་ལའི་རི་འདེབས་ཀྱི་ཕྱུགས་ར་ལེགས་པོ”ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་མིང་རྟགས་སྔར་ལས་སྐད་གྲགས་ཆོད་པའི་གྲས་སུ་གྱུར།

ཚོགས་འདུའི་སྟེང་ཚོགས་ཞུགས་ཆེད་མཁས་པས་མདོ་ལའི་བོད་ལུག་དང་མདོ་ལ་འི་ནོར་གནག མདོ་ལའི་ཤ་མོ་བཅས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་གསལ་འགྲེལ་བྱས་པ་དང《“མདོ་ལའི་རི་འདེབས་ཀྱི་ཕྱུགས་ར་ལེགས་པོ་དང་། ཞིང་ལས་ཀྱི་བྲོ་བ་ཟ་བར་སྐུལ་འདེད་གཏོང་བ》དང《“མདོ་ལའི་རི་འདེབས་ཀྱི་ཕྱུགས་ར་ལེགས་པོ་དང་ཚན་རྩལ་གྱིས་ཐོན་ལས་ཆེན་པོར་ནུས་པ་བསྩལ》སོགས་བརྗོད་དོན་གཙོ་བོའི་ཉམས་སུ་མྱོང་བའི་དུས་མཚུངས་སུ།“མདོ་ལའི་རི་འདེབས་ཀྱི་ཕྱུགས་ར་ལེགས་པོ་དང་རི་ཆུ་ལེགས་པའི་སྤུས་ལེགས་ནོར་ལུག”གི་མིང་རྟགས་སྤྲད་པའི་མཛད་སྒོ་དང་“མདོ་ལའི་རི་འདེབས་ཀྱི་ཕྱུགས་ར་ལེགས་པོ་དང་རི་ཆུ་ལེགས་པའི་སྤུས་ལེགས་ནོར་ལུག”གི་ཐོན་ལས་འབྲེལ་མཐུད་གན་རྒྱ་འཇོག་པའི་མཛད་སྒོ་སྤེལ།  

རི་ཡག་པོ། ཆུ་དྭངས་མོ། ནོར་ལུག་ཡག་པོའི”སྤུས་རྟགས་དབང་ཆ་སྤྲོད་པའི་མཛད་སྒོ་དང“མདོ་ལ་རིང་རི་འོག་གི་འབྲོག་ར་བཟང་པོ། རི་ཡག་པོ། ཆུ་དྭངས་མོ། ནོར་ལུག་ཡག་པོའི”ཐོན་ལས་སྦྲེལ་མཐུད་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་ཡང་འཚོགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号