ཆབ་མདོར་མཐོ་རྒྱུགས་ཕུལ་བྱུང་སློབ་མར་སློབ་སྐྱོར་རོགས་དངུལ་སྤྲད་འདུག

ཚེས23ཉིན་གྱི་སྔ་དྲོ། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་གྱི“ཕུགས་འདུན་མངོན་འགྱུར་གྱི་བྱ་སྤྱོད”ཅེས་པའི་སློབ་སྐྱོར་རོགས་དངུལ་སྤྲོད་པའི་མཛད་སྒོ་དེ་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དུ་ཚོགས་པ་རེད། ཡུལ་དངོས་སུ་མཐོ་རྒྱུགས་ཀྱི་ཕུལ་བྱུང་སློབ་མ་དང་ཁྱིམ་བདག་གི་འཐུས་མི་སོགས་མཉམ་འཛོམས་ཀྱིས་སློབ་མ་ཚོའི་གཡུར་ཟའི་རྒྱུགས་འབྲས་མཉམ་སྤྱོད་བྱས་ཡོད། 

ད་ཐེངས་ཀྱི“ཕུགས་འདུན་མངོན་འགྱུར་བྱ་སྤྱོད”ཅེས་པའི་སློབ་སྐྱོར་རོགས་དངུལ་སྤྲོད་པའི་མཛད་སྒོའི་ཐོག་སྐྱེ་ཁུངས་སྨར་ཁམས་ནས་ཡིན་པའི་མཐོ་རྒྱུགས་ཀྱི་ཕུལ་བྱུང་སློབ་མ51ལ་རོགས་སྐྱོར་བྱས་པ་དང་། སློབ་སྐྱོར་རོགས་དངུལ་མི་དམངས་ཤོག་སྒོར་ཁྲི11སྤྲད་ཡོད།

རོགས་རམ་ཐོབ་པའི་སློབ་མ་ངག་དབང་ལྷ་མོས། དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས་སློབ་ཆེན་གྱི་འཚོ་བ་དང་སླད་ཕྱིན་གྱི་མི་ཚེའི་འགྲུལ་བཞུད་ཁྲོད་གཟི་བརྗིད་ལ་གཅེས་འཛིན་དང་དྲིན་ཚོར་བཅངས་ནས་སློབ་སྦྱོང་ཧུར་ཐག་བྱེད་པ་དང་། བླ་མེད་ཀྱི་ཕུགས་འདུན་སེམས་ལ་བཅངས་བ། དུས་རབས་དང་མི་ཚེའི་བློ་སྟོབས་ལ་བརྟེན་ནས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་གནམ་སའི་ཁྲོད་དོན་སྙིང་ལྡན་པའི་མི་ཚེའི་རིན་ཐང་འཚོལ་སྙེག་དང་མངོན་འགྱུར་ཡོང་བ་བྱ་རྒྱུ་མ་ཟད། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རྒྱལ་ཁབ་དང་། སྤྱི་ཚོགས། ཕ་མ་བཅས་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གསུངས་པ་རེད། 

ཉེ་བའི་ལོ་ཤས་རིང་། སྨར་ཁམས་རྫོང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་དེ་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་བཏང་བས། སློབ་མ་ཚང་མར་མི་ཚེའི་གཟི་བརྗིད་ལྡན་པའི་གོ་སྐབས་མཉམ་སྤྱོད་གང་ལེགས་ཐུབ་པ་བྱས་ཡོད། སྨར་ཁམས་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས“ཕུགས་འདུན་མངོན་འགྱུར་གྱི་བྱ་སྤྱོད”ཅེས་པའི་སློབ་སྐྱོར་རོགས་དངུལ་བཙུགས་ཤིང་། གང་དེའི་དམིགས་ཡུལ་ནི་སྐྱེས་ཁུངས་སྨར་ཁམས་ནས་ཡིན་པའི་མཐོ་རྒྱུགས་ཕུལ་བྱུང་སློབ་མའི་སློབ་སྦྱོང་དང་འཚོ་བར་རོགས་རམ་བྱེད་པ་དང་། སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། རྒྱ་ཆེའི་སློབ་མར་སློབ་སྦྱོང་ཧུར་ཐག་དང་ཡར་རྒྱས་བརྩོན་ལེན་བྱ་རྒྱུར་སྐུལ་མ་གཏོང་ཆེད་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号