སློབ་གསོ་བོད་སྐྱོར་གྱིས་མཐོ་སྒང་ནས་གྲུབ་འབྲས་གཡུར་ཟ་བླངས་པ།

བོད་ལྗོངས་དང་ཁྲུང་ཆིན་གྱི་སློབ་མས་ལག་གདང་སྦྲེལ་ནས་མདུན་དུ་རྒྱུག་པ།

བོད་སྐྱོར་དགེ་རྒན་ཞིག་གིས་ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོ་ནས་སློབ་ཁྲིད་བྱེད་བཞིན་པ།

ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་སློབ་མ་ཚོས་རོལ་རྩེད་བྱེད་བཞིན་པ།

ལྷ་ས་ཚོད་ལྟ་སློབ་འབྲིང་གི་སློབ་མ་ཚོས་ལུས་སྦྱོང་བྱེད་བཞིན་པ།

ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི་ཁྲེང་ཆིན་སྐད་གཉིས་བྱིས་གཉོར་ཁང་།

ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་གི་རྡོ་སྣུམ་སློབ་ཆུང་གི་སློབ་མས་གུང་ཇ་འཐུང་བཞིན་པ།

སྤོ་མེས་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་མ་ཚོས་ཀོང་ཀྲོའུ་ནས་དགུན་དུས་བརྗེ་རེས་བྱ་འགུལ་ནང་ཞུགས་པ།

སློབ་གྲྭ་འཛུགས་རོགས་བྱེད་པ་ནས་དྲ་ཐོག་གི་སློབ་ཁྲིད་མགོ་བརྩམས་པའི་བར། “ཚོགས་པ་རང་བཞིན”གྱི་སློབ་གསོ་བོད་སྐྱོར་ནས་ལྗོངས་ནང་ཁུལ་གྱི་དགེ་སློབ་རྩ་འཛུགས་བྱས་ནས་ལྗོངས་ཕྱི་རོལ་དུ་སློབ་ཞིབ་བརྗེ་རེས་བྱེད་དུ་བསྐྱོད་པ། ཤེས་བྱ་སློབ་ཁྲིད་ནས་རིག་གནས་བརྗེ་རེས་བྱེད་པ་སོགས། ལོ་མང་པོ་རིང་ལ་སློབ་གསོ་བོད་སྐྱོར་གྱིས་མཐོ་སྒང་ནས་གྲུབ་འབྲས་གཡུར་ཏུ་ཟ་བ་བླངས་ཡོད།

སྔར་ལས་ལྷག་པའི་སྒོ་ནས་བོད་སྐྱོར་རུ་རུ་ཁག་གི་ཕན་འབྲས་འདོན་སྤེལ་གང་ལེགས་བྱ་ཆེད། 2016ལོར་སློབ་གསོ་པུའུ་སོགས་པུའུ་ཨུ་བཞི་ཡིས་སློབ་གསོའི་ཤེས་ལྡན་མི་སྣའི“སྒྲིག་འཛུགས་རང་བཞིན”གྱི་བོད་སྐྱོར་ལས་དོན་སྤེལ་མགོ་ཚུགས་པ་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར17གྱིས་བསྡོམས་པས་མི་ཐེངས2100མངགས་ཏེ་བོད་ལྗོངས་ཀྱི་སློབ་གྲྭ་ཆུང་འབྲིང21ལ་ཁ་གཏད་རོགས་སྐྱོར་བྱས། “ཚོགས་པ་རང་བཞིན”གྱི་སློབ་གསོ་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་སྤེལ་བ་ནས་ད་ལྟའི་བར་དུ་བོད་ལྗོངས་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་དང་དོ་དམ་བྱེད་ཐབས། སློབ་གསོ་འདུ་ཤེས་ལ་གཏིང་ཟབ་པའི་འགྱུར་ལྡོག་བྱུང་བས། སློབ་མའི་ཕྱོགས་བསྡུས་བྱང་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན།

བོད་སྐྱོར་དགེ་རྒན་སྐོར་དང་སྐོར་བྱས་ནས་གངས་ལྗོངས་མཐོ་སྒང་དུ་ཡོང་ནས་ས་གནས་ཀྱི་དགེ་སློབ་ཚོ་དང་མཉམ་དུ་མདུན་དུ་བསྐྱོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་ས་ཆ་གཉིས་ཀྱི་དགེ་སློབ་བར་གྱི་བརྗེ་རེས་དང་འབྲེལ་འདྲིས། མཉམ་འདྲེས་ལ་སྐུལ་འདེད་བྱས། བོད་ལྗོངས་ཀྱི་སློབ་མ་རེ་རེའི་ཆེད་དུ་ལྗོངས་ཕྱི་རོལ་དང་འབྲེལ་བ་འཛུགས་པའི་ཟམ་པ་བསྐྲུན་ནས་་ཕུགས་འདུན་གྱི་སྒོ་མོ་རྒྱ་ཆེར་ཕྱེས་པ་དང་། དངོས་འབྲེལ་གྱི་སློབ་གསོའི་བྱམས་བརྩེ་ཆེན་མོ་གངས་ལྗོངས་མཐོ་སྒང་དུ་བཀྲམས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号