ཐུན་རིན་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་ཚོང་འགུག་ལ་ཤུགས་སྣོན་པ་དང་ཕྱིར་འཚོང་ལས་དོན་བརྟན་འཇགས་སུ་བཏང་།

ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་བཟོ་འཕྲིན་ཅུའུ་ཡིས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས། ནུས་ཤུགས་ཡོད་རྒུས་ཚོང་འགུག་ལ་ཤུགས་སྣོན་པ་དང་ཕྱིར་འཚོང་བརྟན་འཇགས་སུ་བཏང་། ཟླ8པའི་ཚེས15ཉིན་བར་ཁེ་ལས་ལྔ་ལ་ལས་གཞི་ལྔའི་གྲོས་མཐུན་གན་རྒྱ་བཞག་པ་དང་། གྲོས་བཀོད་མ་དངུལ་སྒོར་དུང་ཕྱུར20.82ཟིན་པ་དང་། ལས་གཞི་དེ་ནུས་ཁུངས་གསར་བ་དང་རིག་གནས་ཡུལ་སྐོར། ལྗང་མདོག་རྩིས་ནུས་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་ལ། ཐུན་རིན་གྲོང་ཁྱེར་གྱི་ཐོན་ལས་སྣ་མང་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྒུལ་ཤུགས་ཆེན་པོ་བསྩལ།

ཐུན་རིན་གྲོང་ཁྱེར་གྱིས་མྱུར་དུ་ཞན་ཆ་ཁ་གསབ་བྱས་པ་དང་བཟང་ཆ་གསར་སྐྲུན་བྱས་ལ། “འབྲེལ་མཐུད”གཙོ་བོས་སྣེ་ཁྲིད་བྱེད་པ་དང་འབྲེལ་མཐུད་ཧྲིལ་བོ་སྦྲེལ་མཐུད་བྱེད་པའི་ཐོན་ལས་སྐྱེ་ཁམས་གསར་སྐྲུན་བྱས། རང་ས་ཆའི་ཐོན་ལས་གནས་བབ་དང་མཐུན་པ་དང་ཐོན་ཁུངས་ཀྱི་དགེ་མཚན་མངོན་པའི《2024ལོའི་ཐུན་རིན་གྲོང་ཁྱེར་གྱི་ཚོང་འགུག་ཐོན་ལས་འབྲེལ་མཐུད་གྱི་བསྟར་རིས》བྲིས་ནས། ཚོང་འགུག་གི་གནད་ཁེལ་ཚད་སྔར་ལས་ཇེ་མཐོར་བཏང་བ་དང་། “ཐོན་ལས་གཅིག་དང་བསྟར་རིས་གཅིག སྣེ་ཁྲིད་གཅིག”གི་ཚོང་འགུག་རྣམ་པ་གསར་བ་གྲུབ་པར་བྱས་ཐོག ཚོང་འགུག་དངུལ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཞིབ་མོ་གཏན་འབེབས་བྱས་པ་དང་། ཁྲལ་བསྡུ་ཇེ་ཉུང་དུ་གཏོང་བ་དང་ཞིང་ས་མཁོ་འདོན། དངུལ་རྩའི་རྒྱབ་སྐྱོར་སོགས་ཕྱོགས་སུ་ཁྱབ་པ་བཅས་ཁེ་ལས་ལ་འགུག་ཤུགས་ཆེན་པོ་ལྡན་པའི་དངུལ་གཏོང་ཁོར་ཡུག་འདོན་སྤྲོད་བྱས།

ཐུན་རིན་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཚོང་འགུག་ལས་གཞིར་འགན་ལེན་དམ་འཛིན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་གཙོ་བོའི་རྗེས་འདེད་སྐུལ་སྤེལ་ལ་ཤུགས་བསྣན་ནས། རིགས་མི་འདྲ་བའི་ཚོང་འགུག་ལས་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། མིག་སྔར་གསར་དུ་གྲོས་མཐུན་གན་རྒྱ་བཞག་པའི་ལས་གཞི་སྟེ“དྲ་རྒྱའི་རེབ་གོང”སོགས་སྤུས་ལེགས་དམངས་ཁྲོད་མགྲོན་ཁང་ལས་གཞི་ཟླ7པའི་སྔོན་དུ་འཁོར་རྒྱུག་ཚོང་གཉེར་བྱས་པ་དང་། ལོ་འདིའི་ནང་ཚོང་འགུག་དངུལ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར9ཡན་ཟིན་པ་དང་། ཚོང་འགུག་གི་རྒྱུན་མཐུད་ལས་གཞི་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.1ལ་ཟིན་པར་བརྩོན་ལེན་བྱ་རྒྱུ་རེད། 

ཚོང་འགུག་དངུལ་འདྲེན་གྱི་གནད་ཁེལ་ཚད་དང་ལེགས་འགྲུབ་བྱུང་ཚད་ཇེ་མཐོར་གཏོང་ཆེད། ཐུན་རིན་གྲོང་ཁྱེར་གྱིས་ཚོང་འགུག་རུ་ཁག་རྩ་འཛུགས་བྱས་ནས་ཐེན་ཅིན་དང་ཧུའུ་ནན་སོགས་ས་ཆར་སོང་ནས་ཚོང་འགུག་བྱ་འགུལ་སྤེལ་བ་དང་། རིགས་མི་འདྲ་བའི་འགྲེམ་ཚོགས་སྣ་ཚོགས་དང་དངུལ་གཏོང་ངོ་སྤྲོད་ཚོགས་འདུ་བསྡུས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རང་ས་ཁུལ་གྱི་དགེ་མཚན་ཐོན་ཁུངས་དང་ཐོན་ལས་རྨང་གཞི། འཕེལ་རྒྱས་ཀྱི་སྦས་ཤུགས་རྒྱ་ཆེར་དྲིལ་སྒྲོག་བྱས། གཞན་ད་དུང་སྨྱན་བྱད་གསར་བ་སོགས་ཀྱི་བྱེད་ཐབས་བེད་སྤྱད་དེ། ཚོང་འགུག་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་། སྤུས་ལེགས་ལས་གཞི་སྔར་ལས་མང་པོ་ཐུན་རིན་དུ་གཞིས་ཆགས་པར་ནང་འགུག་བྱས་པ་བརྒྱུད་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号