རྨ་ཆེན་རྫོང་གིས་གློག་བརྙན་གཟིགས་འབུལ་མཛད་སྒོ་ཟི་ལིང་དུ་བསྡུས།

ཟླ8པའི་ཚེས24ཉིན།《རྨ་ཆེན་ལགས་ཁམས་བཟང》ཞེས་པའི་ཕྲེང་བསྟར་གློག་བརྙན་གཟིགས་འབུལ་མཛད་སྒོ་དང་རིག་གནས་ཡུལ་སྐོར་འོས་སྦྱོར་ཟི་ལིང་དུ་འཚོགས།

《རྨ་ཆེན་ལགས་ཁམས་བཟང》ཞེས་པའི་ཕྲེང་བསྟར་གློག་བརྙན་ནི་ཀྲུང་གུང་རྨ་ཆེན་རྫོང་ཨུ་ཡོན་ལྷན་ཁང་དང་། རྨ་ཆེན་རྫོང་མི་དམངས་སྲིད་གཞུང་། པེ་ཅིན་ཧྲིན་ཁུང་མཉམ་འབྲེལ་རིག་གནས་ཚད་ཡོད་ཀུང་སི། ཨའེ་ཁོ་ཧྲེང་རིག་གནས་སྨྱན་སྦྱོར(མཚོ་སྔོན)ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་སྒོས་ཕབ་བསྐྲུན་བྱས་ཤིང་། ཀྲུང་གུང་རྨ་ཆེན་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་རྨ་ཆེན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་བཅས་ཀྱིས་མཉམ་གཉེར་བྱས་པ་ཞིག་རེད། ཕྲེང་བསྟར་གློག་བརྙན་དེའི་ནང་ཡིད་དབང་འཕྲོག་པའི་གཟུགས་བརྙན་དང་མི་སེམས་འགུལ་བའི་དོན་བརྗོད་བརྒྱུད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཁྱོན་ཡོངས་ནས་མངོན་པ་དང་། རྨ་ཆེན་གྱི་བརྗིད་ཉམས་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་། རིག་གནས་ཕུན་སུམ་ཚོགས་པ། དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་འཚོ་བའི་གསོན་ཤུགས་བཅས་མངོན་པར་ཡོད་མ་ཟད། མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་འཚོ་བ་དང་། རྨ་ཆེན་གྱི་རང་བྱུང་མཛེས་སྡུག་དང་རིག་གནས་ཀྱི་ནང་དོན་མང་ཚོགས་ཀྱི་མདུན་དུ་མངོན་པ་རེད།

ཐེངས་འདིའི་གློག་བརྙན་གྱི་སྤྱིའི་ཇུས་འགོད་པས་བཤད་པ་ལྟར་ན། ཕྲེང་བསྟར་གློག་བརྙན་གྱིས་ལྟད་མོ་པ་ཡོངས་ལ་མཐོང་ཚོར་དང་། ཐོས་ཚོར། རེག་ཚོར་བཅས་ལས་བརྒལ་བའི་མྱོང་ཚོར་ཞིག་སྦྱིན་ཡོད་ལ། རྨ་ཆེན་གྱི་འཁྱགས་ཀླུང་དང་རྨ་ཆུའི་བརྗིད་ཉམས། སྐྱེས་རིའི་དྭངས་གཙང་དང་དྲོ་སྐྱིད་མྱོང་ཚོར་བྱེད་ཐུབ་ཟེར། དེ་ནི་པར་ལེན་དང་། རོལ་དབྱངས། ཇུས་འགོད། འཚིག་ཇའི་སྒར་ཁ་སོགས་མཐོང་རྒྱ་མི་འདྲ་བའི་གཞོན་ནུ་སྐོར་ཞིག་གིས་ཚོར་བ་སྐྱེན་པའི་ཚོར་སྣང་ལ་བརྟེན་ནས་རྨ་ཆེན་གྱི་རང་བྱུང་ཉམས་འགྱུར་དང་དེ་མིན་གདོད་མའི་རིག་གནས་སྔོག་འདོན་དང་། གསལ་འགྲེལ། གསར་རྩོམ་བཅས་བྱེད་པའི་མཚོན་ཚུལ་ཞིག་རེད།

“འབྲོག་མིའི་འཚིགས་ཇ”ཉམས་ལེན་བྱ་འགུལ་ནི་ཐོག་མའི་གཟིགས་འབུལ་མཛད་སྒོའི་བཀྲག་མདངས་འཚེར་ས་ཞིག་རེད། ལས་གཞི་དེས་འབྲོག་མིའི་རིག་གནས་དང་དེང་རབས་འཚིགས་ཇའི་རིག་གནས་ཟུང་འབྲེལ་བྱས་ནས། དམིགས་བསལ་གྱི་ཡུལ་སྐོར་ཞིག་བཏོད་ཡོད་པ་རེད། བྱ་འགུལ་གྱི་ཡུལ་དངོས་སུ་་ཁྱད་ཆོས་ལྡན་པའི་སྦྲ་གུར་ཕུབ་ཡོད་པ་དང་། སྦྲ་གུར་ནང་གི་འཚིག་ཇ་འཐུང་ས་དེས་རྩྭ་ཐང་གི་རང་དབང་དང་འཆར་ཡན་དེ་གྲོང་ཁྱེར་གྱི་གྲུ་ཟུར་དུ་འཁྱེར་ཡོད་པ་དང་མཚུངས།

དེ་མིན་ཐེངས་འདིའི་བྱ་འགུལ་ཁྲོད་འགྲེམས་སྟོན་དང་ཉམས་ལེན་བྱ་འགུལ་གཉིས་ཀར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། སྲོལ་རྒྱུན་གྱི་འབྲོག་མིའི་འཚོ་བ་ཉམས་ལེན་དང་དེའི་ནང་གི་བློ་གྲོས་སྔོག་འདོན་བྱས་པ་བརྒྱུད། དེང་གི་གྲོང་ཁྱེར་གྱི་མི་རྣམས་རང་བྱུང་ཁམས་སུ་ཕྱིར་ལོག་པ་དང་འུར་ཟིང་དང་རྒྱང་ཐག་རིང་བའི་འཚོ་བ་རོལ་སྟངས་ཤིག་མཁོ་འདོན་བྱས་ཡོད། 《རྨ་ཆེན་ལགས་ཁམས་བཟང》ཞེས་པའི་ཕྲེང་བསྟར་གློག་བརྙན་ནང་ཞུགས་པའི་སྤུས་རྟགས་ཇུས་འགོད་པ་ཚོས་ཀྱང་རྨ་ཆེན་དུ་བསྡུ་ལེན་བྱས་པའི་ཇུས་འགོད་ཀྱི་འཆར་སྣང་དེ་གསར་གཏོད་བརྩམས་ཆོས་སུ་བསྒྱུར་ནས་བྱ་འབུལ་ཡུལ་དངོས་སུ་འགྲེམས་སྟོན་བྱས་པ་རེད།གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་ཁྲོམ་རར་བཀྲམས་ནས་ལྟད་མོ་པས་རྨ་ཆེན་གྱི་ཁྱད་ལྡན་རིག་གནས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་དཔེར་ན། རྭ་རྒྱ་བོད་ལྷམ་དང་ཟངས་སྐུད་ཐང་ཁ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ལ་མྱོང་རོལ་བྱས་པ་རེད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号