ལྷ་སའི་རིག་གནས་ཡུལ་སྐོར་གྱིས་ལོ་སྟོད་ལ་གྲུབ་འབྲས་གཡུར་ཟ་བླངས་པ།

གསར་འགོད་པས་ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2024ལོའི་ཚུན་ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ལས་ཁུངས་ཀྱིས“འདུ་ཤེས་ལྔ”དང“འཕེལ་རྒྱས་ཀྱི་མཉམ་བརྩི་ལྔ”ཡི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་འདྲེན་བྱེད་དང་སྟེགས་བུ་བྱས་པས་ཡུལ་སྐོར་དེ་རྒྱུན་རྣམ་ཅན་གྱི་འཚོ་བའི་ཐབས་ལམ་དུ་བཏང་ཞིང་། ཡུལ་སྐོར་རིག་གནས་ཁྲོམ་ར་ནས་བྱུང་བའི་སྒེར་འཁོར་ཡུལ་སྐོར་པའི་རླངས་འཁོར་འདུག་དཀའ་བ་དང་། འཛད་སྤྱོད་ཆུང་བ་སོགས་ཀྱི་གནད་དོན་ལ་ཁ་གཏད་དེ་ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་གཙོ་གཉེར་སྡེ་ཚན་གྱི་དོ་དམ་ཞབས་ཞུའི་ལས་འགན་འདོན་སྤེལ་གང་ལེགས་དང་། ཧུར་ཐག་གིས་མཐུན་སྦྱོར། རང་འགུལ་གྱིས་འགན་ཁུར་བ་བཅས་ཀྱིས་རིག་གནས་ཡུལ་སྐོར་ཁྲོམ་ར་བརྟན་བརླིང་དང་བདེ་ཐང་། གོ་རིམ་ལྡན་པར་འགན་སྲུང་བྱས། རྒྱུས་ལོན་པ་ལྟར་ན། ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི1730.46སྣེ་ལེན་བྱས་པ་དུས་མཉམ་ལས20.67%འཕར་ཞིང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར218.34ཟིན་ནས་དུས་མཉམ་ལས16.01%འཕར་ཡོད།

ཉེ་བའི་ལོ་ཤས་རིང་། “གངས་ལྗོངས་གནའ་གྲོང·གནས་མཆོག་ལྷ་ས”ཞེས་པའི་ཡུལ་སྐོར་མིང་གྲགས་ཇེ་ཆེར་སོང་བ་དང་བབསྟུན། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་སྔར་ལས་མང་པོ་ལྷ་ས་རུ་ཡོང་བར་ཡིད་སེམས་བཀུག་པ་དང་། ལྷག་པར་དུ་སྒེར་འཁོར་བཏང་ནས་ཡོང་བའི་རླངས་འཁོར་རིམ་བཞིན་ཇེ་མང་དུ་ཕྱིན་པསལྷ་ས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལ་འགྲན་སློང་བྱས་པ་རེད། དེ་བས་ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུའུ་ཡིས་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་ཡུལ་དངོས་རྟོག་ཞིབ་དང་། ཁྲོམ་རའི་དགོས་མཁོ་རྒྱུས་ལོན་བྱས་ནས། ལྷ་སའི་བྱེས་སྡོད་རླངས་འཁོར་སྒེར་ས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། སྐྱིད་ཆུ་ལུས་རྩལ་སྤྱི་གླིང་དང་ཀྲུང་ཧྭ་རིག་གནས་སྤྱི་གླིང་སོགས་སུ་གནས་སྐབས་ཀྱི་རླངས་འཁོར་འདུག་ས4བཀོད་སྒྲིག་བྱས་པ་མ་ཟད། ཆུ་དང་གློག་སོགས་ཀྱི་རྨང་གཞི་སྒྲིག་བཀོད་ཀྱང་བཀོད་སྒྲིག་བྱས། དེ་དང་ཆབས་ཅིག་ཏུ་ཏང་སྲིད་ལས་ཁུངས་ཚང་མས་རིན་མེད་སྒོས་གྲོང་མི་ཡུལ་སྐོར་པ་ཚོར་རླངས་འཁོར་འདུག་ས་དང་གསང་སྤྱོད་ཁང་སོགས་ཀྱི་ཐོན་ཁུངས་མཁོ་འདོན་བྱེད་པར་སྐུལ་སློང་བྱས་ནས། ཡུལ་སྐོར་པ་ཚོར་ལྷ་ས་ནས་སེམས་སྐྱིད་པ་དང་ཡུལ་སྐོར་དགའ་སྐྱིད་ཡོང་བར་བྱས། མིག་སྔའི་བར་དུ་ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་རླངས་འཁོར་འདུག་སའི་ར་བ200ལྷག་དང་རླངས་འཁོར་འདུག་ས7000། གསང་སྤྱོད་ཁང370ཕྱི་ཕྱོགས་སུ་སྒོ་ཕྱེས་པ་རེད།

གཞན་ཡང་། ལྷ་ས་གྲོང་ཁྱེར་གྲོང་ཨུ་དང་སྲིད་གཞུང་གི་འབོད་སྐུལ་དང་བསྟུན། བོད་ལྗོངས་ཕྱི་ནང་གི་ཉམས་མྱོང་ཕུན་སུམ་ཚོགས་པར་སློབ་སྦྱོང་བྱས་ནས་སྤུས་ཚད་མཐོ་བའི་ཚོང་རྫས་མཁོ་འདོན་དང་སྟབས་བདེ་ཅན་གྱི་འགྲིམ་འགྲུལ་ཕྱིར་བསྐྱོད། ཕུན་སུམ་ཚོགས་པའི་ཐོན་རྫས་ལས་རྣམ། དམིགས་ས་ཡོད་པའི་སྲིད་ཇུས་སྐུལ་འདེད་སོགས་ཀྱི་ཐབས་ལམ་གྱིས་ཡུལ་སྐོར་གྱིས་འཛད་སྤྱོད་ལ་སྐུལ་བའི་བྱེད་ཐབས4བཏོན་པ་དང་། བོད་ལྗོངས་ཕྱི་རོལ་གྱི་མི15དང་དེའི་ཡན་གྱི་ཡུལ་སྐོར་ཚོགས་པ་ལྷ་སར་ཡུལ་སྐོར་བྱེད་དུ་ཡོང་ན། མི་རེར་སྒོར40ཡི་ཚད་གཞི་ལྟར་ཡུལ་སྐོར་ཚོགས་པར་ཁ་གསབ་སྤྲོད་རྒྱུ་དང་། ཡུལ་སྐོར་ཚོགས་པ་རེ་རེར་ལོ་ཧྲིལ་བོར་བསྡོམས་པས་ཁ་གསབ་མ་དངུལ་སྒོར་ཁྲི20ལས་མི་བརྒལབ་དང་། བསྟུད་མར་ཞག3དང་དེའི་ཡན་དུ་གྲོང་ཁྱེར་ཡོངས་ཀྱི་སྐར་མ་རིམ་པའི་མགྲོན་ཁང་དང་། གསེར་དངུལ་ཟངས་རིམ་པའི་ཁྱིམ་ཚང་མགྲོན་ཁང་། ཀ་ཁ་ག་རིམ་པའི་ཁྱིམ་ཚང་མགྲོན་ཁང་དུ་འདུག་མཁན་ཡུལ་སྐོར་པར་ཉིན་གཅིག་ལ་ཁང་པ་གཅིག་ལ་སྒོར100ཡི་ཁ་གསབ་སྤྲོད་རྒྱུ་དང་བསྡོམས་པས་སྒོར400ལས་བརྒལ་མི་ཆོག ཁ་གསབ་ལོ་ཧྲིལ་བོར་སྒོར་ཁྲི200ལས་མི་བརྒལ་པར་ཡུལ་སྐོར་པར་གཟིགས་སྐྱོང་བྱང་བུ་ཁྲི1གི“དག་ཞིང་ལྷ་ས”ཞེས་པའི་གྲངས་འཛིན་ཡུལ་སྐོར་བྱང་བུ་སྤྲད། ལྷ་སར་ཡུལ་སྐོར་ཡོང་མཁན་གྱི་སློབ་ཆེན་སློབ་མར་ཁ་གཏད་དེ། ཟླ་རེར་རིན་མེད་ངང་སྒོར2000ཅན་གྱི་བྱང་བུ200་སྤྲད་པ་དེ་ལྷ་ས་ནས་ཞག་སྡོད་བྱེད་པ་དང་དངོས་པོ་ཉོ་སྒྲུབ་བྱེད་པའི་ཐད་སྤྱད་པ་རེད། དུས་ཐོག་ཏུ་བྱེད་ཐབས་ལ་གནས་ཚུལ་རྗེས་འདེད་དཔྱད་དཔག་དང་འགུལ་རྣམ་ལེགས་སྒྲིག་བྱས།

མིག་སྔའི་བར་དུ། ཞག་སྡོད་འཛད་སྤྱོད་བྱང་བུ8588བེད་སྤྱོད་བྱས་པ་དང་ཁ་གསབ་སྒོར་ཁྲི306.66ཟིན་ལ། ཞིབ་རྩིས་སྤྱིའི་དངུལ་གྲངས་ཁྲི207.5ཟིན་ཞིང་། ཐད་ཀར་དུ་འཛད་སྤྱོད་སྤྱིའི་དངུལ་གྲངས་སྒོར་ཁྲི1492.4སྣེ་ཁྲིད་བྱས་ནས་འཛད་སྤྱོད་སྣེ་ཁྲིད་ཚད་ལྡབ5སླེབས་པ་དང་། ཞིབ་རྩིས་ཚད95.7%ལ་སླེབས་ཡོད། ལྷག་པར་དུ་ཞོ་སྟོན་གུང་གསེང་རིང་ལ་ལྷ་སའི་དྲ་ཐོག་གི་ཡུལ་སྐོར་སྤྱིའི་མི་གྲངས་མི་ཐེངས་ཁྲི33.5ཟིན་ནས་དུས་མཉམ་ལས37.86%གིས་འཕར་ཞིང་། དྲ་ཐོག་གི་ཡུལ་སྐོར་སྤྱིའི་འཛད་སྤྱོད་སྒོར་དུང་ཕྱུར1.09ཟིན་ནས་དུས་མཉམ་ལས60.79%གིས་འཕར་སྣོན་བྱུང་།

རྒྱུས་ལོན་པ་ལྟར་ན། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་སོ་སོའི་ཡུལ་སྐོར་ཁྲོམ་རའི་ལེགས་བཅོས་ཞིབ་ཐོ་འཐུས་ཚང་དུ་བཏང་ནས། ཡུལ་སྐོར་ཁྲོམ་རའི་ལེགས་བཅོས་ལག་བསྟར་ཇུས་འགོད་འཆར་ཟིན་བཀོད་པ་མ་ཟད་གྲོང་ཁྱེར་སྲིད་གཞུང་གིས་འགྲེམ་སྤེལ་བྱེད་པའི་རེ་བ་ཞུས། 

གཞན་ཡང་། ནམ་ཡང་དྲ་ཐོག་དང་ཡུལ་དངོས་ཡུལ་སྐོར་དང་འབྲེལ་བའི་གནས་ཚུལ་ལ་རྒྱུས་ལོན་གང་ལེགས་བྱས་ནས། ཡུལ་སྐོར་དང་འབྲེལ་བའི་གྱོན་དོན་འབྱུང་སྲིད་པའི་རིགས་དང་ལེན་ཡག་པོ་དང་། ལེགས་པོར་སྒྲུབ་པ། ལན་འདེབས་པ་སོགས་ཀྱིས་ལས་དོན་མི་སྣའི་དུས་ཚོད24རིང་འགན་སྲུང་བྱས། ལྷག་པར་དུ་ཧུར་ཐག་གིས་རིག་གནས་གསར་སྐྲུན་གླིང་གིས“ལྷ་སའི་ཆེས་མཛེས་པའིSཁུགས་སོ”ཞེས་པའི་ཡུལ་སྐོར་མིང་གྲགས་ས་ཆའི་བརྡ་ཁྱབ་བྱང་བུ་གཏོར་བས་རྒྱ་ཆེའི་ཡུལ་སྐོར་པ་ཚོའི་ཁས་ལེན་ཐོབ། རྒྱུས་ལོན་ལྟར་ན། 2024ལོའི་ཚུན། བསྡོམས་པས་ཡུལ་སྐོར་ཞུ་གཏུག་གྱོད་དོན3031སྒྲུབ་ནས་དཔལ་འབྱོར་གྱོང་གུན་སྒོར་ཁྲི162.5ཕྱིར་འཐེན་བྱས་པས་རྒྱ་ཆེའི་ཡུལ་སྐོར་པའི་ཁས་ལེན་ཐོབ་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号