སེར་ཤུལ་རྫོང་དུ་བྱ་དགའི་དངུལ་ཁྲི122གནང་འདུག

ཟླ8པའི་ཚེས23ཉིན། སེར་ཤུལ་རྫོང་གི2024ལོའི་ཀྲུང་ལྭང་སྦྱོང་འབྲས་ལེགས་ཐོན་གྱི་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་སྐབས་གསུམ་པ་དེ་གཞོན་ནུ་ལོ་ཆུང་གི་བྱེད་སྒོའི་ལྟེ་གནས་སུ་འཚོགས་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སེར་ཤུལ་རྫོང་གི་ཀྲུང་ལྭང་སྦྱོང་འབྲས་ལེགས་ཐོན་གྱི་བྱ་དགའི་གཟེངས་བསྟོད་དངུལ་ལ་ཁྱོན་སྒོར་ཁྲི་122ཡོད་པ་དང་བྱ་དགའ་མཐོ་ཤོས་ལ་སྒོར་20000ཡོད་པ་རེད། དངུལ་འདི་དག་ནི་ས་གནས་དེ་གའི་སློབ་མ་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ། གཞོན་ནུ་ལས་གཏོད་མི་སྣ། ལས་རིགས་ཀྱི་སྣེ་ཁྲིད་མི་སྣ། གསར་དར་ཁྱབ་ཁོངས་ཀྱི་གཞོན་ནུ། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་སོགས་ལ་སྤྲོད་རྒྱུ་ཡིན་ཞིང་། ཁྱོན་གཞོན་ནུ་སློབ་མ་253ལ་བྱ་དགའི་དངུལ་འདི་ཐོབ་ཡོད།

ཀྲུང་ལྭང་ཚོགས་པས་ཐོག་མཐའ་བར་གསུམ་དུ་སློབ་གསོས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ནུས་པར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཉེ་བའི་ལོ་གསུམ་གྱི་རིང་། སེར་ཤུལ་གྱི་ཕུལ་བྱུང་སློབ་མ་དང་ལས་རིགས་ཁག་གི་ཕུལ་བྱུང་མི་སྣ་750ལྷག་ལ་བྱ་དགའི་དངུལ་སྒོར་ཁྲི་360ལྷག་སྤྲོད་ཡོད་པ་དང་། ཀྲུང་ལྭང་སྦྱོང་འབྲས་ལེགས་ཐོན་གྱི་བྱ་དགའི་གཟེངས་བསྟོད་དངུལ་འདི་ཡང་སེར་ཤུལ་གྱི་སློབ་གསོའི་རོགས་སྐྱོར་གྱི་སྤུས་རྟགས་ལས་གྲྭ་གལ་ཆེན་ཞིག་ཏུ་གྱུར་ཡོད།  

 ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་སློབ་མའི་དཔལ་སྐྱིད་ཀྱིས་ཀྲུང་གུང་སེར་ཤུལ་རྫོང་ཨུད་དང་། སེར་ཤུལ་རྫོང་མི་དམངས་སྲིད་གཞུང་། ཀྲུང་ལྭང་ཚོགས་པ་བཅས་ཀྱིས་ང་ལ་བྱ་དགའི་དངུལ་འདི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་ངོས་ནས་བརྗོད་ན་སྦྱོང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་འདི་ནི་གཟི་བརྗིད་ཅིག་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན་པས། ངས་ད་ཐེངས་ཀྱི་བྱ་དགའ་འདི་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས་རྒྱུན་ཆད་མེད་པར་ཕུལ་བྱུང་བརྩོན་ལེན་བྱས་ཏེ། ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་ཞིག་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号