དཀར་མཛེས་ཀྱི་ནས་ཞིང་བརྔ་བསྡུའི་དུས་ལ་སླེབས་པ།

དཀར་མཛེས་རྫོང་གི་ནས་བརྔ་བསྡུའི་དུས་ལ་སླེབས་པ་དང་བསྟུན་རྒྱལ་ལམ317ལམ་འགྲམ་ནི་མཚོན་མདོག་སྣ་ལྔའི་རང་བྱུང་མཛེས་རིས་ཤིག་དང་གཉིས་སུ་མ་མཆིས། བརྔ་བསྡུ་འཕྲུལ་འཁོར20ལྷག་ཙམ་གྱིས་དུས་ཡུན་ཟླ་བ་གཅིག་གི་ནང་མུའུ་ཁྲི13ལྷག་ཙམ་གྱི་ནས་ཞིང་བརྔ་བསྡུ་ཚར་རྒྱུ་ཡིན་པ་རེད།

ནས་ནི་རང་རྒྱལ་བོད་རིགས་ས་ཁུལ་གྱི་གྲོང་མིའི་འབྲུ་རིགས་དང་འབར་རྫས། ཕྱུགས་རིགས་ཀྱི་གཟན་ཆག་བཅས་གཙོ་བོ་ཞིག་ཡིན་པ་མ་ཟད། ཆང་རིགས་ཁག་ཅིག་གི་མ་བཅོས་རྒྱུ་ཆའང་ཡིན། མཐོ་སྒང་གི་ལོ་ཏོག་ཅིག་ཡིན་པའི་ངོས་ནས་གྲང་བཟོད་རང་བཞིན་ཆེ་ལ་སྐྱེ་ཡུན་ཐུང་བ། ཐོན་འབབ་མཐོ་ལ་སྨིན་སྔ་བས། སྤྱིར་བཏང་ཟླ་3ནས་5པའི་བར་འདེབས་པ་དང་ཐོན་སྐྱེད་དུས་ཡུན་ཉིན་100ནས་130བར་ཡིན་ལ།  ཟླ་7པ་ནས་9པའི་བར་བརྔ་བསྡུ་བྱེད་ཀྱི་ཡོད། 

ནས་མུའུ་བཅུ་ཕྲག་ཁ་ཤས་མི་ཐབས་ལ་བརྟེན་ནས་བརྔ་བསྡུ་བྱས་ན་མ་གཞི་ཟླ་ཕྱེད་ཙམ་འགོར་གྱི་ཡོད་མོད། འོན་ཀྱང་ད་ཆ་འཕྲུལ་ཆས་ཅན་དུ་གྱུར་བས་ཆུ་ཚོད་འགའ་ཤས་ལས་འགོར་གྱི་མེད། 

ཕེང་ཧྲོང་ཧྲོང་དང་ཝང་མིང་ཤིང་ནི་ལས་རིགས་བརྔ་བསྡུ་བ་ཡིན་ཞིང་། ཁོང་ཚོས་ལོ་ལྟར་ཟླ་བ་ལྔ་པར་ཧོ་ནན་ནས་ཐོན་ཏེ་ས་ཁུལ་མི་འདྲ་བ་དང་ལོ་ཏོག་མི་འདྲ་བའི་སྐྱེ་འཚར་གྱི་དུས་ཚོད་གཞིར་བཟུང་ལམ་བར་དུ་བརྔ་བསྡུ་བྱས་ནས་ཡོང་བ་དང་ལོ་མཇུག་ཏུ་གཞི་ནས་ཁྱིམ་ལ་ལོག་འགྲོ་ཡི་ཡོད། ཁོང་གཉིས་ཁྲུང་ཆིང་ནས་དཀར་མཛེས་རྫོང་དུ་ཉིན་གཉིས་ལ་ཡོང་བ་དང་། དེ་གར་ལས་ཀར་ཡོང་ཐེངས་བཞི་པ་ཡིན་པ་རེད།

ཕེང་ཧྲོང་ཧྲོང་དང་ཝང་མིང་ཤིང་བཟའ་ཟླ་གཉིས་ཀྱི་ཟ་འཐུང་དང་སྡོད་གནས་ཚང་མ་རླངས་འཁོར་བྱས་ཤིང་། ཁོང་ཚོའི་འབད་བརྩོན་དེ་ནི་ས་ཆ་གཞན་གྱི་རླངས་འཁོར་རུ་ཁག་གི་ཁོངས་མིའི་འཚོ་བའི་བསྡུས་རིས་ཤིག་རེད། དེ་གར་ལས་བསྒྲུབ་ཚར་རྗེས་ཁོང་གཉིས་ཧུའུ་པེ་དང་ཧུའུ་ནན། ཧྲའན་ཤིས་ཧན་ཀྲུང་བཅས་སུ་བསྐྱོད་དེ་ལམ་བར་གྱི་ལོ་ལེགས་ལ་མུ་མཐུད་བདེན་དཔང་བྱ་རྒྱུ་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号