བོད་ལྗོངས་ཀྱི་འཆར་གཞི་དེར་གྲུབ་འབྲས་ཡག་པོ་ཐོབ་འདུག

16ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དམིགས་བསལ་གསོ་སྐྱོང་ལས་དོན་གྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གསོ་སྐྱོང་ལས་དོན་འཆར་གཞི་དེ་སྤྱི་ལོ2009ལོར་ལག་བསྟར་བྱས་པ་ནས་བཟུང་འཆར་གཞི་དེས་བོད་ལྗོངས་ཀྱི་ཆེད་ལས་ལག་རྩལ་རྐང་འཛིན་པ་ཉིས་སྟོང་ཙམ་གསོ་སྐྱོང་བྱས་ནས་བོད་ལྗོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

བོད་ལྗོངས་ཀྱིས་དམིགས་བསལ་གསོ་སྐྱོང་འཆར་གཞི་དང༼ལྗོངས་ཕྱིར་ལག་རྩལ་སྦྱོང་བར་སྐྱེལ་རྒྱུ༽དང་༼ལྗོངས་ཕྱི་ནས་ལག་རྩལ་མཁས་པ་གདན་འདྲེན་ཞུ་རྒྱུ༽ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་ཕུལ་བྱུང་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་རྐང་འཛིན་པ་གདམ་གསེས་བྱས་ནས་ནང་སའི་མཐོ་སློབ་དང་ཚན་ཞིབ་ཁང་སོགས་སུ་དུས་ཡུན་ལོ་གཅིག་གི་དམིགས་བསལ་གསོ་སྐྱོང་དང་ལག་ལེན་སློབ་སྦྱོང་བྱ་རྒྱུ་དང་དུས་མཚུངས་རིགས་གཅིག་མཁས་ཅན་དང་མཁས་དབང་བོད་དུ་གདན་འདྲེན་ཞུས་ནས་ཞབས་ཞུའི་བྱེད་སྒོ་སྤེལ་ཡོད་པ་རེད། དུས་ཁག་བཞི་པའི་དམིགས་བསལ་གསོ་སྐྱོང་ལས་དོན་ལ་མ་དངུལ་གཏོང་ཚད་དང་གཞི་ཁྱོན་ཆེ་རུ་བཏང་ནས་དམིགས་བསལ་གསོ་སྐྱོང་སློབ་མ་180བར་མང་དུ་བཏང་བ་དང་རིགས་གཅིག་མཁས་ཅན་ཞབས་ཞུའི་ཚོགས་པ་ཡང་དུས་ཐེངས་གཉིས་བར་མང་དུ་བཏང་ཡོད་པ་རེད།

འཆར་གཞི་དེས་ཁ་ཚ་དགོས་གཏུགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་མ་ཟད། ད་དུང་མི་རིགས་དབར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་ཀྱང་བཏང་ཡོད་པ་རེད། དམིགས་བསལ་གསོ་སྐྱོང་སློབ་མས་ཤེས་བྱ་གསར་པ་དང་ལག་རྩལ་གསར་པ་ཁོང་དུ་ཆུད་པ་དང་རིག་གཞུང་ཞིབ་བསྡུར་དང་རིག་གནས་སྤེལ་རེས་སོགས་ཀྱི་བྱེད་སྒོར་ཞུགས་པ་བརྒྱུད་གྲངས་ཉུང་མི་རིགས་ཀྱི་རིག་གནས་དྲིལ་བསྒྲགས་བྱས་པ་མ་ཟད། གསོ་སྐྱོང་ཚན་པ་དང་ཡུན་རིང་སྤེལ་རེས་མཉམ་ལས་ལམ་སྲོལ་བཙུགས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

འབྱུང་འགྱུར་བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། དུས་ཁག་བཞི་པའི་བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་དམིགས་བསལ་གསོ་སྐྱོང་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་བོད་ལྗོངས་ཀྱི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་རབ་དང་ནུས་པ་མང་དུ་གཏོང་རྒྱུ་ཡིན་པ་རེད

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号