ས་མཐོའི་མཆོག་ནོར་རྒྱལ་སྤྱིའི་ཁྲོམ་རར་ཐོན་འདུག

སྤྱི་ཚེས15ཉིན་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཁེ་ལས་དྲག་གྲས་སྒྲིག་འཛུགས་བྱས་ནས་ཤང་ཀང་རྒྱལ་སྤྱིའི་ཞིམ་ཟས་དངོས་མང་སྟོན་ཚོགས་སུ་ཞུགས་ནས་ས་མཐོའི་མཆོག་ནོར་རྒྱལ་སྤྱིའི་ཁྲོམ་རའི་ཐོག་འགྲེམས་ཚོང་བྱས་པ་རེད།   

ད་ཐེངས་ཀྱི་འགྲེམས་ཚོགས་ནང་གཏེར་ཆུ་དང་།  ནས།  བོད་སྨན། ཚགས་ཤ་སོགས་ཁྱད་ལྡན་ཐོན་རྫས་གཅིག་སྡུད་བྱས་ནས༼ལྷ་སའི་དངོས་ཟོག་སྤུས་ལེགས་༽ཀྱི་བརྗོད་དོན་གཙོ་བོ་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།  འགྲེམས་ཚོགས་དེ་ནི་ཚོང་ཟོག་འགྲེམས་སྟོན་ཞིག་ཡིན་པ་མ་ཟད།    ས་མཐོའི་རིག་གནས་དང་རྒྱལ་སྤྱིའི་ཁྲོམ་རའི་དབར་སྤེལ་རེས་བྱེད་པའི་འབྲེལ་ཟམ་ཞིག་ཀྱང་ཡིན་གཤིས།     ས་གནས་ས་ཐོག་ཏུ་སྐུ་མགྲོན་མང་པོ་ཞིག་གི་ཡིད་དབང་བཀུག་ནས་མཉམ་ལས་ཀྱི་འདོད་མོས་མང་པོ་བྱུང་ཡོད།    

ལྷ་སའི་དངོས་ཟོག་སྤུས་ལེགས་ཁེ་ལས་ཀྱིས་འོས་སྦྱོར་ཚོགས་འདུའི་ཐོག་སེམས་རྩ་འཁོལ་བའི་ངོ་སྤྲོད་དང་འགྲེམས་སྟོན་བྱས་ཏེ་སྐུ་མགྲོན་ཚོས་ས་མཐོའི་ཐོན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་ཐུབ་པ་བྱས་ཡོད། འགོ་ཚུགས་མཛད་སྒོའི་ཉིན་དེར་འགྲེམས་ཁང་གིས་གཟིགས་མོ་བ་དང་ཚོང་པ་མི་ཐེངས་ཁྲི་2ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་འབྲེལ་མཐུད་གྲོས་མོལ་གཏིང་ཟབ་ཐེངས་བརྒྱ་ལྷག་ཙམ་བྱས་ཏེ་འདོད་མོས་ཀྱི་ཉོ་སྒྲུབ་དང་ཕྱིར་ཚོང་གི་འབྲེལ་གཏུག་ཐབས་ལམ་རགས་ཙམ་བཙུགས་ཡོད་པ་རེད།    

ད་ཐེངས་ཀྱི་འགྲེམས་ཚོགས་ཀྱིས་ལྷ་སའི་དངོས་ཟོག་སྤུས་ལེགས་ཀྱི་རྒྱལ་སྤྱིའི་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་གོ་སྐབས་མཁོ་འདོན་བྱས་ཡོད།    ཐུན་མོང་མ་ཡིན་པའི་སྤུས་ཚད་དང་རིག་གནས་ཀྱི་རྨང་གཞིར་བརྟེན་ནས་ལྷ་སའི་དངོས་ཟོག་སྤུས་ལེགས་ལ་རྒྱལ་སྤྱིའི་ཁྲོམ་རའི་ཐོག་གནས་བབས་ངེས་ཅན་ཞིག་ཐོབ་ནས་མི་དེ་བས་མང་བས་གངས་ལྗོངས་ས་མཐོའི་དྭངས་གཙང་དང་མཛེས་སྡུག་མྱོང་ཚོར་ཐུབ་ངེས་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号