གངས་ལྗོངས་གསེར་ཟམ། དམངས་ཕྱུག་བོད་དར་གྱི་ལྷ་གཞིས་ལྕཊ་ལམ།

ཞོགས་པའི་ཉི་ཟེར་གངས་ལྗོངས་ས་མཐོར་འཕྲོ་བའི་སྐབས་འདིར་ལྷ་གཞིས་ལྕགས་ལམ་ནི་གཡུ་འབྲུག་སྔོན་པོ་ཞིག་དང་འདྲ་བར་ཡངས་པའི་ས་མཐོའི་སྟེང་དལ་བུ་དལ་བུར་སྐྱོད་བཞིན་མཆིས།  

དེ་ཡང་།  སྤྱི་ཟླ་8པའི་ཚེས་16ཉིན་གྱི་ཞོགས་པ།  ལྷ་གཞིས་ཤུགས་འགྲེམས་མེ་འཁོར་ལན་གྲངས་C885ལྷ་སའི་འབབ་ཚུགས་ནས་དལ་བུར་ཐོན་འགོ་ཚུགས།  མེ་འཁོར་སྐྱོད་འགོ་ཚུགས་ནས་ཡུན་རིང་མ་སོང་བར།  ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་བཅུ་འཁོར་བའི་རིག་རྩལ་འཁྲབ་སྟོན་མེ་འཁོར་ཐོག་སྤེལ་འགོ་ཚུགས།  འཁོར་སྒྲོམ་ནང་ལས་མི་ཚོས་གླུ་ལེན་གར་ཁྲབ་བྱེད་པ་དང་།  འགྲུལ་པ་ཚོས་སྐར་ལྔའི་དར་དམར་ཆུང་ཆུང་གཡུག་གཡུག་བྱེད་བཞིན་བཀྲིས་ཉིན་མོ་དེར་དྲན་གསོ་ཞུས།  

ལོ་བཅུའི་གོང་།  མཚོ་བོད་ལྕགས་ལམ་གྱི་སྣུར་བསྲིངས་ལམ་ཐིག་སྟེ།  ལྷ་གཞིས་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་།  དུས་དེ་ནས་བཟུང་།  བོད་ལྗོངས་ལྷོ་ནུབ་རྒྱུད་ས་ཁུལ་དུ་གཞུང་ལམ་ཁོ་ནར་བརྟེན་ནས་སྐྱེལ་འདྲེན་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་ཏེ་ལྕགས་ལམ་དཔལ་འབྱོར་གྱི་དུས་རབས་བསུས།

མཚོ་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ལྷ་ས་ནས་གཞིས་རྩེའི་བར་གྱི་འགྲུལ་བཞུད་དུས་ཚོད་ཐུང་དུ་ཕྱིན་པ་མ་ཟད་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་ལྕགས་ལམ་དྲ་བའི་གྲུབ་གཞི་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། གང་དེས་བོད་ལྗོངས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་ཆེན་པོ་ཐེབས། 

 མཚོ་བོད་ལྕགས་ལམ་ཚོགས་པ་ཀུང་སིའི་འགྲུལ་ཟོག་དོ་དམ་པུའི་ཀྲུའུ་རེན་གཞོན་པ་ལི་ཅ་ཡིས།  ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ཚུན་ཁྱོན་འགྲུལ་པ་མི་ཐེངས་ཁྲི་1429དང་དངོས་ཟོག་ཏུན་ཁྲི་524ལྷག་སྐྱེལ་འདྲེན་བྱས་པས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྟོབས་ཆེའི་སྒུལ་ཤུགས་བསྣན་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

ལོ་ངོ་བཅུའི་རིང་།  ལྷ་གཞིས་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མང་བ་དང་།  གང་དེས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་སྟེ།  བསྡོམས་རྩིས་བརྒྱབ་ན།  སྤྱི་ལོ་2023ལོར་གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་58ཟིན་པ་དེ་སྤྱི་ལོ་2014ལོ་དང་བསྡུར་ན་103.87%འཕར་ཡོད།  ཡུལ་སྐོར་འཁྲུག་ཆ་དོད་པས་རྒྱ་མཚོ་གཞུང་ཤང་སོགས་ལྷ་གཞིས་ལྕགས་ལམ་འགྲམ་རྒྱུད་ཀྱི་གྲོང་མིར་ཡུལ་སྐོར་ཡོང་འབབ་མང་བས་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད།

ལོ་བཅུའི་རིང་།  ལྷ་གཞིས་ལྕགས་ལམ་གྱིས་བོད་ལྗོངས་ཀྱི་གྲོང་ཁྱེར་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བ་དང་།  མི་རིགས་ཁག་གི་མི་དམངས་དབར་སྤེལ་རེས་མཉམ་འདྲེས་ཟབ་པོ་བྱུང་ནས་བོད་ལྗོངས་སུ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།  འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་བོད་ལྗོངས་ཀྱི་ལྕགས་ལམ་དྲ་བ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས།  ལྕགས་ལམ་གྱིས་འགྲིམ་འགྲུལ་ཡོ་བྱད་གཞན་དང་མཉམ་དུ་གངས་ལྗོངས་ས་མཐོར་འགྲུལ་བཞུད་སྟབས་བདེ་བ་དང་ཟོག་འདྲེན་ཤར་བགྲོད་ཐུབ་པའི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་གྲུབ་སྟེ་དམངས་ཕྱུག་བོད་དར་ལ་སྒུལ་ནུས་གསར་པ་བསྣན་རྒྱུ་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号