བོད་ལྗོངས་འཕྱོངས་རྒྱས་རྫོང་གིས་བོད་རུམ་བསླས་འཐག་ལག་རྩལ་རྒྱུན་འཛིན་བྱས་ནས་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བ།

འདི་ནི2024ལོའི་ཟླ8པའི་ཚེས12ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་བོད་རུམ་ལག་ཤེས་བཟོ་གྲྭར་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་མིས(གཡོན)ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་བོད་རུམ་བསླས་འཐག་ལག་རྩལ་ཤེས་རྟོགས་བྱེད་བཞིན་པ།

ཉེ་བའི་ལོ་ཤས་རིང་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཚོང་འགུགས་མ་འདྲེན་བྱས་པ་བརྒྱུད། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་ཀུང་སི་བཙུགས་ནས་ལག་བཟོས་བོད་རུམ་ཐོན་སྐྱེད་བྱས་པ་དང་དུས་མཚུངས་བོད་རུམ་གྱི་ལག་ཤེས་མཁས་ཅན་གདན་དྲངས་ནས་ས་གནས་དེ་གའི་མང་ཚོགས་ལ་བསླས་འཐག་ལག་རྩལ་སློབ་ཁྲིད་བྱས་ཏེ། སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་བྱེད་པ་དང་དུས་མཚུངས་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བ་རེད། ཀུང་སི་དེས་འཐག་པའི་བོད་རུམ་གྱི་རྣམ་པ་ཐུན་མོང་མ་ཡིན་པ་དང་། ཚོན་མདངས་རྣམ་པར་བཀྲ་བ། མི་རིགས་ཀྱི་ཉམས་འགྱུར་ཟབ་པ། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་བཅས་ཡོད་པས་རི་པིན་དང་། ཧན་གོ དབྱིན་ཇི། འཇར་མན་སོགས་རྒྱལ་ཁབ་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད།

འདི་ནི2024ལོའི་ཟླ8པའི་ཚེས12ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་ས་གནས་དེ་གའི་བུད་མེད་ཀྱིས་བོད་རུམ་ལག་ཤེས་བཟོ་གྲྭར་བོད་རུམ་འཐག་བཞིན་པ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号