བསྟན་འཛིན་སྒྲོལ་དཀར་པེ་ཅིངསློབ་ཆེན་དུ་རྒྱུགས་ལོན་པར་རྟེན་འབྲེལ་ཞུ། 

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ནས་ཡིན་པའི་བསྟན་འཛིན་སྒྲོལ་དཀར་ལ་ཉེ་སྔོན་པེ་ཅིང་སློབ་ཆེན་གྱི་སློབ་བསྡུའི་བརྡ་ཐོ་འབྱོར། ཁོ་མོས་རྒྱུགས་འབྲས་བཟང་པོ་སྐར་གྲངས་609བླངས་པས་པེ་ཅིན་རྒྱལ་སྤྱིའི་ཆབ་སྲིད་འབྲེལ་བའི་སློབ་གླིང་དུ་ཚུད་པ་རེད།

བསྟན་འཛིན་སྒྲོལ་དཀར་ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པ་ནས་སློབ་མཐར་ཕྱིན་རྗེས་ཧྲང་ཧའེ་གྲོང་ཁྱེར་ཀུང་ཁང་སློབ་འབྲིང་དུ་སློབ་སྦྱོང་བྱས། མཐོ་འབྲིང་ནི་པེ་ཅིན་བཟོ་ལས་སློབ་ཆེན་གྱི་ཁོངས་གཏོགས་སློབ་འབྲིང་དུ་སློབ་སྦྱོང་བྱས། ད་ཐེངས་པེ་ཅིང་སློབ་ཆེན་གྱིས་བསྡུས་པའང་སླར་ཡང་བར་བརྒལ་ཞིག་རེད།

བསྟན་འཛིན་སྒྲོལ་དཀར་དུས་རྒྱུན་འཚོ་བའི་ནང་སྒྱུ་རྩལ་ལ་དགའ་ཞིང་། རི་མོ་འབྲི་བ་དང་ཀང་ཆིན་དཀྲོལ་བ་སོགས་ལ་དགའ་པོ་ཡོད། ཁྱིམ་གྱི་གྱང་ངོས་ཚང་མར་དཔེ་སྒྲོམ་སྒྲིག་འདུག

     སློབ་སྦྱོང་གི་འཚོ་བ་གསར་པའི་ཐད་བསྟན་འཛིན་སྒྲོལ་དཀར་གྱིས་རང་ཉིད་དབྱིན་ཡིག་ལ་བྱང་པ་ཆེ་ཙམ་ཡོད་པས། མ་འོངས་པའི་སློབ་སྦྱོང་དང་ལས་ཀའི་ཁྲོད་རྒྱལ་སྤྱིའི་རིག་གནས་བགྲོ་གླེང་གི་ཟམ་པ་ལྟ་བུར་འགྱུར་རེ་བྱེད་ཀྱིན་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号