ཁམ་བུའི་མེ་ཏོག་གྲོང་ཚོའི་མི་རབས་གསར་པ།

 བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་ཡོད་པའི་ཀ་ལ་གྲོང་ཚོས་ཉེ་བའི་ལོ་ཤས་རིང“ཁམ་བུའི་མེ་ཏོག་གི་དཔལ་འབྱོར”གྱི་ཤར་རླུང་ལ་བརྟེན་པ་ལས་དགའ་བ་སྐྱེ་འོས་པའི་འཕེལ་རྒྱས་ཡག་པོ་བྱུང་ཞིང་། ས་གནས་དེ་གའི་ཡུལ་མིར་ཡང་ཡུལ་སྐོར་དང་སྐྱེ་ཁམས་ཀྱི་ཡོང་འབབ་བྱུང་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་བརྩམས།

པ་སངས་གཡང་འཛོམས་ཀྱི་ཁྱིམ་དུ་སྐྱོད་སྐབས་དཀར་ཆ་དོད་ཅིང་གྲལ་འགྲིག་པའི་ཚོམས་ཆེན་དང་། ཐལ་རྡུལ་ཙམ་ཡང་མ་འགོས་པའི་གཙང་ཐིང་ཐིང་གི་པང་གཅལ། ཆ་སྒམ་ཐོག་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཇ་དམ་གྲལ་སྟར་འགྲིག་པ་བཅས་ལས་དྲོ་སྐྱིད་ཀྱིས་ཁེངས་པའི་ཁྱིམ་ཚང་གི་རྣམ་པ་མངོན།

པ་སངས་གཡང་འཛོམས་དང་པ་སངས་ཚེ་རིང་ཨ་མ(དཀྱིལ)དང་མཉམ་དུ་རང་ཁྱིམ་གྱི་སྒོ་རར་ཡོད་པ།

གཅེན་པོ་པ་སངས་ཚེ་རིང་ཀྲེ་ཅང་དུ་སློབ་ཆེན་འགྲིམ་བཞིན་ཡོད་པ་དང་མི་རིང་བར་སློབ་ཆེན་གྱི་ལོ་རིམ་གཉིས་པའི་སློབ་མ་ཞིག་ཏུ་འགྱུར་གྲབས་ཡོད། ཁོང་གིས་དེ་སྔ་ཁྱིམ་དུ་ཚོང་ཁང་ཆུང་ཆུང་ཞིག་ཡོད་མོད། འོན་ཀྱང་ལོ་ཧྲིལ་པོར་དངུལ་མང་པོ་རག་གི་མེད། ད་ཆ་གྲོང་ཚོའི་ཡུལ་སྐོར་གྱི་ཁེ་སྤོགས་ཡོད་ལ། ཕ་མ་གཉིས་ཀྱིས་ལས་ཀ་ཙག་ཙིག་དང་སྐྱེལ་འདྲེན་བྱས་པའི་ཡོང་འབབ་བསྣན་ཚེ། ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ལེགས་སུ་ཕྱིན་པ་མཐོང་གསལ་རེད་ཅེས་ཕྱིར་དྲན་བྱེད་བཞིན་བརྗོད།

“ཚེ་རིང་ཕ་ཡུལ་ནས་ཐོན་ཏེ་ཕྱི་རོལ་གྱི་འཇིག་རྟེན་འགྲིམ་པར་བསྐྱོད་རྒྱུའི་འདུན་པ་ཆེ། དེ་འདྲ་བྱས་ན་སླད་ཕྱིན་ཕ་ཡུལ་འཛུགས་སྐྲུན་བྱ་ཆེད་ཉམས་མྱོང་དེ་བས་མང་བ་གསོག་ཐུབ། གཡང་འཛོམས་ནི་སློབ་སྦྱོང་ལ་བརྩོན་པ་བྱེད་མཁན་ཞིག་ཡིན་པས་ཆེན་པོ་ཆགས་རྗེས་ཁྲིམས་དཔོན་ཞིག་བྱེད་འདོད་འདུག ངའི་ཕྲུ་གུ་གཉིས་ནི་སྤོབས་པ་སྐྱེ་འོས་པ་ཞིག་ཡིན”ཞེས་ཨ་མ་འཆི་མེད་ཀྱིས་བློ་ལ་བབ་པོས་བརྗོད།

ད་ཆ་ཀ་ལ་གྲོང་ཚོས་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ཁུལ་གཉེར་སྐྱོང་གཙོ་བོར་བྱེད་པ་དང་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་དང་ལྟ་སྐོར་འཐུ་འཐོག་ལྡུམ་ར་ཐུན་མོང་འཕེལ་རྒྱས་ཀྱི་ཐོན་ལས་ཆགས་སྟངས་ཤིག་བཏོད་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཉིན་བཞིན་སྟོབས་ཆེར་དང་གྲོང་མིའི་ཡོང་འབབ་ཉིན་བཞིན་མང་དུ་འགྲོ་གི་ཡོད། 2023ལོར་གྲོང་གསེབ་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1302.3ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.67ཟིན་ཡོད། ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ཀ་ལ་གྲོང་ཚོའི་ཕྱུག་འགྱུར་གྱི་ལམ་བུ་ཡངས་པོར་བཤངས།

དེ་ཙམ་མ་ཟད། ཀ་ལ་གྲོང་ཚོར་འགྲོ་ལམ་མཁྲེགས་སྒྱུར་དང་། དོང་ལམ་ས་སྦས། མི་ཕྱུགས་ལོགས་དབྱེ། གསང་སྤྱོད་སྒྱུར་བཀོད། ཤིང་འཛུགས་ནགས་བཟོ་སོགས་ཀྱི་ལས་གྲྭ་ཡང་གཅིག་སྡུད་སྤེལ་བ་དང་། ལྗང་མདོག་ར་སྐྱོར་དང་ཀྭ་རིགས་དང་ཤིང་ཏོག་ར་བ་བསྐྲུན་ནས་སྒོ་ར་ཡོངས་སྔོ་འགྱུར་ཐུབ་པ། ཚད་ལྡན་ཅན་གྱི་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་ལུགས་མཐུན་ངང་སྤྱོད་འགོ་ཚུགས་པ། རྒྱུན་སྤྱོད་སྨན་རྫས་དང་། གཟུགས་པོར་བརྟག་དཔྱད་ཡོ་བྱད། སྨན་ཆུ་བླུག་པའི་སྒྲིག་ཆས་ཆ་ཚང་བ་ལ་སོགས། མཛེས་སྡུག་ལྡན་པའི་གྲོང་གསེབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་པ་བརྒྱུད་སྔོན་མའི་རྣམ་པ་རྙིང་པར་གསོན་ཤུགས་གསར་པ་རྒྱས།

པ་སངས་གཡང་འཛོམས་དང་པ་སངས་ཚེ་རིང་།

ཟླ་བ་རྒྱལ་མཚན་གྱི་དཀར་ཞིང་གཙང་བའི་བོད་བཟོའི་ཐོག་ཁང་དུ་འཛུལ་སྐབས་ཁྱིམ་གྱི་གྱང་ངོས་སུ་གཟེངས་བསྟོད་ལག་ཁྱེར་བཀལ་བ་གསལ་པོར་མཐོང་། མཐོ་རིམ་སློབ་འབྲིང་འགྲིམ་བཞིན་པའི་བུ་མོ་ཕུར་བུ་ལྷ་མོའི་སྦྱངས་འབྲས་འཛིན་གྲྭའི་མདུན་གྲལ་དུ་སླེབས་པ་མ་ཟད། དབྱིན་ཡིག་གི་ཐ་སྙད་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང་འབྲེལ“ཡིག་གཟུགས་ཡག་ཤོས”ཀྱི་བྱ་དགའ་ཡང་ཐོབ་ཡོད། བུ་ཕུར་བུ་ཚེ་རིང་གིས་སློབ་གྲྭའི་སྨི་50ཡི་ཐུང་རྒྱུག་ཁྲོད་ཨང་དང་པོ་བླངས་པ་དང་ལུས་རྩལ་འགྲན་ཚོགས་ཁྲོད་བྱ་དགའ་ཐེངས་མང་ཐོབ་ཡོད།

ཕྲུ་གུ་གཉིས་ཀྱི་སྐོར་གླེང་སྐབས་ཟླ་བ་རྒྱལ་མཚན་གྱིས་སྤོབས་པ་ཆེན་པོས“བུ་མོ་རྒན་པ་དབྱིན་ཡིག་ཡག་པོ་ཡོད། བུ་ཆུང་བ་ཆེན་པོ་ཆགས་རྗེས་ལུས་རྩལ་པ་ཞིག་བྱེད་འདོད་ཆེན་པོ་འདུག བུ་ཕྲུག་གཉིས་ཀ་ཡག་པོ་ཡོད་པས་ང་ཚོ་ཚང་མར་སེམས་ཁྲལ་མི་འདུག”ཅེས་བརྗོད།

ད་ཆ་སྐྱེལ་འདྲེན་དང་། ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཁེ་སྤོགས། ས་ཞིང་བརྒྱུད་བཤུག་སོགས་ལས་ཁྱིམ་ཚང་གི་ཡོང་འབབ་ཡག་པོ་འདུག དེའི་ཁར་ཕྲུ་གུ་གཉིས་ལ་སློབ་གསོའི་འགན་ལེན་གསུམ(བཟའ་བཅའ་དང་། སྡོད་གནས། གཞི་རྩའི་སློབ་སྦྱོང་ཡོ་བྱད་བཅས་འགན་ལེན)གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པས“ང་ལ་འཚོ་བ་ཇི་ཙམ་བསྐྱལ་ན་དེ་ཙམ་གྱིས་མདུན་ལམ་ཆེ་བའི་ཚོར་སྣང་ཡོང་གི་འདུག”ཅེས་དང“ད་ཆ་ཡོང་འབབ་ལ་སེམས་ཁྲལ་བྱེད་དགོས་མི་འདུག ཕྲུ་གུ་ཚོས་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་བྱས་ནས་འབྱུང་འགྱུར་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་ཆོག”ཅེས་ཟླ་བ་རྒྱལ་མཚན་གྱིས་བརྗོད།

ཡོང་འབབ་ལ་འགན་ལེན་ཡོད་ཅིང་འབྱུང་འགྱུར་རེ་བས་ཁེངས། ཁམ་བུའི་མེ་ཏོག་གྲོང་ཚོའི་མི་རབས་གསར་པས་གྲོང་གསེབ་དར་རྒྱས་ཀྱི་གཤོག་ཟུང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཕུགས་འདུན་དོན་དུ་གཉེར་བཞིན་མཆིས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号