རི་འཛེག་ཐོན་ལས་ཀྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བར་བདེན་དཔང་བྱས།

ཟླ8པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཁོངས་ནས་པར་བླངས་པའི་རྐྱང་ཁྱུ།

བསྟུད་མར་ཉིན6གི་འཕྲོད་ཤུགས་རང་བཞིན་གྱི་སྦྱོང་བརྡར་དང་ས་བབ་མཐོ་བའི་རི་འཛེགས་བྱས་པ་བརྒྱུད། ཚེས11ཉིན་གྱི་ཞོགས་པར་ལོ28ཡིན་པའི་ཀྲིན་གོ་རུའེ་ས་བབ་སྨི6178ཟིན་པའི་གཡུ་འབྲུག་ལྷ་རྩེའི་རི་རྩེར་འཛེག་པ་རེད། 

ཀྲིན་གོ་རུའེ་ནི་ལན་ཀྲུའུ་ལྕགས་ལམ་ཅུའུ་ཡུན་ཁྲོན་གློག་འདོན་སྡེ་ཚན་གྱི་ཁ་ལོ་བ་ཞིག་ཡིན། གངས་རི་ལ་དགའ་བའི་དབང་གིས་ཐེངས་དང་པོར་མཐོ་སྒང་དུ་ཡོང་ནས་གཡུ་འབྲུག་ལྷ་རྩེའི་ལྷོ་རི་སྟེ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཡུལ་ཚོ་ངམ་ར་གྲོང་ཚོ་རུ་བསྐྱོད།

གཡུ་འབྲུག་ལྷ་རྩེ་ནི་ཁུ་ནུ་རི་བོའི་ལྷོ་རིའི་རི་རྩེ་ཡིན་ལ། རི་བོར་འཛེག་སླ་བ་དང་ཐོན་སླ་བ་མ་ཟད། དར་སེར་ཁ་ཆགས་པ་ཉུང་བས་རི་མཐོན་པོར་མྱུལ་དཔྱད་བྱེད་འདོད་མཁན་གྱི་ཡུལ་སྐོར་པའི་གནས་མཆོག་ཏུ་གྱུར་ཡོད།

ཆུ་དམར་ལེབ་རྫོང་གི་ཆ་སྙོམས་ས་བབ་སྨི4500ཟིན་པས་སྐྱེ་ཁམས་ས་གཤིས་གལ་ཆེ་བ་ཡིན། རྫོང་དེ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འབྱུང་ཡུལ་དུ་གནས་ཡོད། 

2020ལོའི་ཟླ8པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཁོངས་ནས་པར་བླངས་པའི་ཡག་གི་གཙང་ལི་སྲུང་སྐྱོང་ཡན་ལག་ཁུལ་གྱི་རྡོ་རིང་། 

ཟླ8པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་མངའ་ཁོངས་སུ་པར་བླངས་པའི་རྐྱང་ཁྱུ།

རྒྱུས་ལོན་པ་ལྟར་ན། ཆུ་དམར་ཤང་གི་སྤྱི་ལེ་གྲུ་བཞི་མ་ཁྲི1.9ཡི་ས་ཁོངས་ཚང་མ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་བཞག་ཡོད་པ་དང་། ཤང་ཁོངས་གཏོགས་ཀྱི་གྲོང་ཚོ4ཡི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣས་དུས་ལྟར་གླིང་ཁུལ་ནང་གི་གད་སྙིགས་གཙང་སེལ་བྱེད་བཞིན་ཡོད། ཆུ་དམར་ཤང་གི་ཤང་ཀྲང་བློ་བཟང་ཚེ་རིང་གིས། ཁོངས་ཡོངས་གད་སྙིགས་མེད་པ་དང་འགྱིག་ཤོག་འགོག་པའི་ལས་དོན་བླང་བྱ་ཡིས་གཟའ་འཁོར་རེར་དུས་ལྟར་ཁོར་ཡུག་གཙང་སྦྲ་བྱེད་པའི་ལས་དོན་ལམ་ལུགས་བཙུགས་ནས། འབྲོག་མི་དང་རི་སྐྱེས་སྲོག་ཆགས་ཀྱི་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོབ་བྱེད་བཞིན་ཡོད་ཟེར།

ངམ་ར་གྲོང་ཚོ་རུ་ཡོད་པའི་གཡུ་འབྲུག་ལྷ་རྩེ་རྒྱལ་སྤྱི་རི་འཛེག་གྲོང་རྡལ་ཆུང་ཆུང་དེ་རྫོང་གྲོང་དང་སྤྱི་ལེ300བར་ཐག་ཡོད་ལ། ལམ་བར་དུ་རྐྱང་ཁྱུ་དང་འབྲོང་ཁྱུ་སོགས་རང་དབང་ངང་མཆོང་རྒྱུག་བྱེད་པ་མཐོང་ཐུབ། “ཉེ་བའི་ལོ་ཤས་རིང་། ངས་མངོན་གསལ་གྱིས་ཕ་ཡུལ་གྱི་རི་སྐྱེས་སྲོག་ཆགས་མང་དུ་འགྲོ་བཞིན་པ་དང་། རྩྭ་སྐྱེས་ཚུལ་ཡག་པ། སྔོན་ཆད་སྐམ་པར་གྱུར་བའི་ས་ནས་ཡང་བསྐྱར་བརླན་ས་མངོན་ཞིང་། སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་ནས་འབྲོག་མི་ཚོའི་ནོར་ལུག་ལ་ཤ་ཤེད་རྒྱས་པ་རེད”ཅེས་ཆུ་དམར་ལེབ་རྫོང་གཡུ་སྐེ་ཡུལ་ཚོ་དར་དམར་གྲོང་ཚོའི་འབྲོག་མི་པད་མ་ཤེས་རབ་ཀྱིས་དེ་ལྟར་བཤད།

གངས་དཀར་རི་བོ་ནི་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་རི་རྩེ་ཡིན་ལ། དེ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དུ་གནས་ཤིང་ཆ་སྙོམས་ས་བབ་སྨི4045དང་ས་བབ་ཆེས་མཐོ་ས་སྨི5254.5ཡིན། རི་རྩེ་རུ་ལོ་ཧྲིལ་བོར་གངས་ཆགས་པ་དང་རི་མཐོ་བ། དར་ཆགས་པ། ཁ་བ་དང་རྡོ་ཧྲུག བྲག་ངོས་བཅས་གཞི་གཅིག་ཏུ་འདུས་ལ། རི་འཛེག་ལུས་རྩལ་ལ་དགའ་མཁན་ཚོར་བར་གསེང་ཡག་པོ་ཞིག་མཁོ་འདོན་བྱས།

མིན་ཡོན་རྫོང་ནི་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་དུ་གནས་ཤིང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་སྦྱོང་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཝེ་ཏུང་གིས། ལོ་རེར་གངས་དཀར་རི་བོས་འབྲེལ་ཡོད་རི་འཛེག་གངས་ཤུལ་བྱ་འགུལ་སྤེལ་དུས། ལུས་རྩལ་སྡེ་ཚན་དང་ས་གནས་སྲིད་གཞུང་གིས་སྐྱེ་ཁམས་སྔོན་འགྲོའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། གངས་དཀར་རི་བོའི་ལྟེ་གནས་ཁུལ་དུ་གང་འདོད་ངང་བྱ་འགུལ་སྤེལ་མི་ཆོག་པ་གཏན་ཁེལ་བྱས། “ལུས་རྩལ་བྱ་འགུལ་འདི་འདྲ་སྤེལ་བ་བརྒྱུད་དེ་ང་ཚོས་ལྗང་མདོག་ཁོར་སྲུང་གི་ས་བོན་མི་རེ་རེའི་སེམས་སུ་འདེབས་རྒྱུ་ཡིན”ཟེར། 

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧན་ཆིང་གིས། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་ཚོད་ལྟ་ཁུལ་འཛུགས་སྐྲུན་ཟིན་པའི་ཚུན། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་ལ་ཕན་འབྲས་ལྡན་པའི་སྲུང་སྐྱོང་ཐེབས་པ་དང་། ནགས་ཚལ་དང་རྩྭ་ཐང་། ཆུའི་སྐྱེ་ཁམས་མ་ལག བརླན་སའི་སྐྱེ་ཁམས་མ་ལག་བདེ་ཐང་བརྟན་བརླིང་ཡིན་པ་མ་ཟད། ཆུ་ཁུངས་གསོ་སྐྱོང་ནུས་པ་རྒྱུན་མཐུད་ངང་འཕར་བ་རེད་ཟེར།

གཞི་གྲངས་ལས་བདེན་དཔང་བྱས་པ་དང་ངོ་སྤྲོད་ལྟར་ན། ཚོད་ལྟ་ཁུལ་མ་བསྐྲུན་སྔོན་དང་བསྡུར་ན་སྔོ་ཁེབས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ51.27ཇེ་མང་དུ་ཕྱིན་པ་དང་། སྐྱེ་ཁམས་མ་ལག་ཐཱན་བརྟན་དབྱང་གཏོང་ཚད7.7%གྱིས་འཕར་ལ། སྔོ་ཁེབས་སྐྱེ་ཁམས་སྤུས་ཚད་གྲངས་འབོར7.3%གྱིས་འཕར་ནས་སྐྱེ་ཁམས་ཁོར་ཡུག་རྣམ་པ་གསར་བ་མངོན་པ་རེད།

གཡུ་འབྲུག་ལྷ་རྩེ་རི་འདབས་དང་གངས་དཀར་རི་བོའི་རི་རྩེ་བཅས་ཀྱི་ད་ལྟའི་རི་འཛེག་སྒེར་ས་ཆེན་མོ་དེ་དག་ནི“སའི་གོ་ལའི་གྲོང་ཚོ་ཆུང་ཆུང”ཞིག་ཏུ་གྱུར་ནས། ལུས་རྩལ་ལ་དགའ་བའི་མི་ཚོས་མཉམ་ལས་དང་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཀྱིས་དཀའ་གནད་ཡོད་ཚད་སེལ་ནས་སྣ་མང་ཅན་གྱི་རྨང་གཞི་སྟེང་ཐུན་མོང་གི་རང་བཞིན་འཚོལ་བཞིན་ཡོད་པ་མ་ཟད། མཐོ་སྒང་གི་སྐྱེ་ཁམས་འགྱུར་ལྡོག་ལ་བདེན་དཔང་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号