གསོན་ཤུགས་ལྡན་པའི་བོད་ལྗོངས། 

ཡུལ་སྐོར་མང་བའི་དུས་ཚིགས་སུ་སླེབས་ཡོད་པས། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་བར་སྐོར་དུ་ཡོང་ནས་དམངས་སྲོལ་ལ་རོལ་མྱོང་དང་རིག་གནས་ལ་རོལ་མྱོང་བྱེད་ཀྱི་ཡོད།

འོ་ཇ་དང་། ཇ་ལོ། བོད་སྤོས། བོད་ལྭ་སོགས་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རིག་གནས་དང་དམངས་སྲོལ་ཡུལ་སྲོལ་གོམས་གཤིས་ཀྱིས་ཡུལ་སྐོར་བ་འབོར་ཆེན་གྱི་ཡིད་དབང་བཀུག་ཡོད། བར་སྐོར་ཁྲོམ་གཞུང་གི་བོད་ཀྱི་རིག་གནས་ཉམས་ལེན་ཁང་ཞིག་ཏུ་གསར་འགོད་པས་ན་གཞོན་མང་པོ་ཡོད་པ་དང་། ཟོག་སྒྲོམ་ཐོག་ཐང་ཁ་དང་བོད་སྤོས། བོད་ཀྱི་ཟློས་གར་གྱི་ངོ་འབག་སོགས་དངོས་པོ་མང་པོ་བཤམས་ཡོད་པ་མཐོང་བྱུང་།

ཉམས་ལེན་ཁང་གི་ཚོང་གཡོག་སངས་རྒྱས་ཆོས་སྒྲོན་གྱིས་ “བོད་སྤོས་ཉམས་ལེན་བྱེད་མཁན་གཞོན་ནུ་མང་ཙམ་ཡོད་ཅིང་། ཚང་མས་བོད་ཀྱི་རིག་གནས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བཤད། བོད་སྤོས་ཉམས་ལེན་བྱེད་སྐབས་ཡུལ་སྐོར་བས་རང་ཉིད་ཀྱིས་བཟོས་པའི་བརྒྱུད་རིམ་ཁྲོད་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དེ་བས་ཐད་ཀར་ཚོར་ཐུབ་ཀྱི་ཡོད།

ཚོང་ཁང་ཆུང་ཆུང་ནས་ད་ཆའི་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་བར་སྐོར་ཁྲོམ་གཞུང་ལ་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་རེད། བར་སྐོར་ཁྲོམ་གཞུང་གིས་མཚོན་པའི་གནའ་གྲོང་ཁུལ་དུ་གནའ་བོའི་བཟོ་སྐྲུན་སྒོ་ར་56ཡོད་པ་དང་། བོད་རིགས་གཙོ་བྱས་པའི་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། མོན་པ་སོགས་མི་རིགས་20ལྷག་ཙམ་གྱི་ཡུལ་མི་འཚོ་སྡོད་བྱེད་ཀྱི་ཡོད་པས། བོད་ཀྱི་མི་རིགས་མཐུན་སྒྲིལ་དང་མཛའ་མཐུན་གྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号