ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་འཁོར་བཅུ་ལོན་པ།

རིང་ཚད་ཧྲིལ་བོར་སྤྱི་ལེ253ཡོད་པའི་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་གྱིས་ཟླ8པའི་ཚེས16ཉིན་མེ་འཁོར་ཤར་གཏོང་བྱས་ནས་ལོ་འཁོར་བཅུ་ལོན་པའི་དུས་ཆེན་བསུ་རྒྱུ་རེད། ལྷ་ས་དང་གཞིས་ཀ་རྩེ་གཉིས་ཀྱི་ས་བབ་སྨི3500ལས་བརྒལ་བས་ལྕགས་ལམ་དེ་ལ“ནམ་མཁར་ཆེས་ཐག་ཉེ་བའི་ལྕགས་ལམ”ཞེས་འབོད་ཀྱིན་ཡོད། མཚོ་བོད་ལྕགས་ལམ་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ཆ་ནས་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཟིན་ནས་ཤར་གཏོང་བྱས་པ་དེས་ས་ཆ་དེ་གཉིས་ཀྱི་བར་ཐག་ཇེ་ཐུང་དུ་བཏང་བ་མ་ཟད། རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་ལྕགས་ལམ་དྲ་རྒྱ་གྲུབ་ཚུལ་འཐུས་ཚང་དུ་བཏང་ནས་བོད་ལྗོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱས།

ལས་དོན་མི་སྣས་མེ་འཁོར་དུ་སྡོད་པའི་འགྲུལ་བ་ཞིག་ལ་ཞབས་ཞུ་སྒྲུབ་བཞིན་པ།

ལོ་ངོ་བཅུ་ཡི་རིང་ལ། ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་ནུས་མཐོ་ངང་འཁོར་བསྐྱོད་བྱས་པ་དེ་བོད་ལྗོངས་ས་ཁུལ་གྱི་དངོས་ཟོག་སྐྱེལ་འདྲེན་དང་མང་ཚོགས་འགྲོ་བསྐྱོད་ཐད་འགན་སྲུང་གང་ལེགས་བྱས་པ་དང་། ས་ཆ་གཉིས་ཀྱི་བར་ཐག་སྔོན་ཆད་ཀྱི་དུས་ཚོད་བརྒྱད་དང་དགུ་ལྷག་ལ་རླངས་འཁོར་དུ་སྡོད་པ་ནས་ད་ལྟའི་དུས་ཚོད2.5ལྷག་གི་མེ་འཁོར་འགྲུལ་བཞུད་གྱུར། མེ་འཁོར་དུ་འདུག་པ་དེ་ས་གནས་མང་ཚོགས་ཕྱིར་བསྐྱོད་པའི་གདམ་གསེས་གཙོ་བོར་གྱུར་ཡོད།

བསྐྱར་དར་སྒུལ་འཁོར་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྷ་སའི་སྐྱིད་ཆུ་ཟམ་ཆེན་རྒྱུ་བཞིན་པ།

མཚོ་བོད་ཚོགས་པ་ཀུང་སིས་ཧུར་ཐག་གིས“མཁའ་ལམ་གྱི་སྐལ་བཟང་མེ་ཏོག”ཞེས་པའི་ཞབས་ཞུ་མིང་རྟགས་བཏོད་ནས་འགྲུལ་སྐྱེལ་ཞབས་ཞུ་བཅོས་སྒྱུར་འཕེལ་རྒྱས་བཏང་ཞིང་། ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་ཕྱོགས་ཡོངས་ནས་འགྲུལ་བའི་པ་སེ་ཉོ་བ་དང་འབབ་ཚིགས་ནང་བསྐྱོད་པ། མེ་འཁོར་སྒུག་པ། མེ་འཁོར་བརྗེ་པ། མེ་འཁོར་སྡོད་པ་སོགས་ཀྱི་ཕྱིར་བསྐྱོད་ཀྱི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས། འགྲུལ་བ་ཚོ་ཕྱིར་བསྐྱོད་བྱེད་པར་འགན་སྲུང་བརྟན་པོ་བྱས་པ་དང་ཆབས་ཅིག་ཏུ་འགྲུལ་བ་ཕྱིར་བསྐྱོད་མྱོང་ཚོར་ཕུན་སུམ་ཇེ་ཚོགས་སུ་བཏང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号