བོད་ལྗོངས་ལ་འགྲན་བསྡུར་ཆེན་མོ་འདིའི་ནང་བྱ་དགའ་གཉིས་ཐོབ་འདུག

ཉེ་ཆར་སྐབས་38པའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་མོའི་མཐའ་མའི་དཔྱད་བསྡུར་གྱི་བྱེད་སྒོ་ཐེན་ཅིན་དུ་མཇུག་འགྲིལ་བ་རེད། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་སློབ་འབྲིང་གི 《བོད་ཁུལ་འབྲོག་པས་རི་སྐྱེས་སྲོག་ཆགས(གསའ)ལ་བཟོད་སྒོམ་བྱེད་ཚད་དང་སྲུང་སྐྱོང་བྱེད་པའི་ཞིབ་འཇུག》ཅེས་པ་དང་《བོད་ལྗོངས་ཕག་རིའི་སྤང་རྒྱན་མེ་ཏོག་དང་སྡོང་རྐང་གི་གྲུང་གཤིས་བསྡུར་བ་དང་དེ་བཞིན་ཐོན་ཁུངས་རྒྱུན་མཐུད་རུང་བའི་བེད་སྤྱོད་ཀྱི་འཚོལ་ཞིབ》ཞེས་པའི་རྣམ་གྲངས་གཉིས་ལ་འགྲན་བསྡུར་ཆེན་མོའི་བྱ་དགའ་ཨང་གསུམ་པ་ཐོབ་ནས་ཚན་རྩལ་འགྲན་བསྡུར་ཆེན་མོའི་ཁྲོད་བོད་ལྗོངས་ཀྱི་གྲུབ་འབྲས་གསར་པ་བཏོད་ཡོད་ལ། བོད་ལྗོངས་ལ་འགྲན་བསྡུར་ཆེན་མོ་འདིའི་ཁྲོད་ཐེངས་གཅིག་ལ་བྱ་དགའ་གཉིས་ཐོབ་ཐེངས་དང་པོ་ཡང་ཡིན་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་མོ་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཚན་རྩལ་གསར་གཏོད་རྗེས་གྲབས་ཤེས་ལྡན་མི་སྣ་འདེམས་སྒྲུག་དང་ཚན་རྩལ་སློབ་གསོའི་གྲུབ་འབྲས་འགྲེམས་སྟོན་དང་སྤེལ་རེས་ཀྱི་བྱེད་སྒོ་ཞིག་ཡིན་ཞིང་། སྐབས་38པའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་མོའི་ནང་རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར་31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཤང་ཀང་དང་ཨའོ་མོན། དེ་བཞིན་ཐའེ་ཝན་བཅས་ས་ཁུལ་ནས་ཡོང་བའི་གཞོན་ནུ་ལོ་ཆུང་དང་ཚན་རྩལ་ཟུར་ཁྲིད་པ་700ལྷག་ཙམ་དང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་20ཡི་ཆེད་མངགས་གདན་ཞུས་འཐུས་མི་60ལྷག་ཙམ་བཅས་ཞུགས་ཡོད། 

ད་ཐེངས་བྱ་དགའ་ཐོབ་པ་དེ་ཧྲང་ཧའེ་ཡི“ས་བོན་ཚན་སློབ་བོད་སྐྱོར”རྣམ་གྲངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད། ཉེ་བའི་ལོ་ཤས་རིང་ཧྲང་ཧའེ་ལེ་དབྱང་ཧུང་ཧྲུའུ་ལིན་དགེ་སྒྲུབ་སྤྱི་ཕན་ལྟེ་གནས་ཀྱིས་ཕུའུ་ཐུའོ་ཆུས་མཉམ་ལས་སྤེལ་རེས་གཞུང་དོན་ཁང་དང་། ཕུའུ་ཐུའོ་ཆུས་དམངས་སྲིད། ཧྲང་ཧའེ་གྲོང་ཁྱེར་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཕུའུ་ཐུའོ་ཆུས་འཐུས་མི་ཁྲུའུ། པོ་ཁེ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། MISTINEསྨི་སི་ཐིང་ཚོང་རྟགས་སོགས་སྡེ་ཚན་དང་ཁེ་ལས་དང་མཉམ་འབྲེལ་བྱས་ཏེ། ཧྥུ་ཏན་སློབ་གྲྭ་ཆེན་མོ་དང་པེ་ཅིང་གྲོང་ཁྱེར་སྐྱེད་ཚལ་སྔོ་འགྱུར་ཚན་རིག་ཞིབ་འཇུག་ཁང་སོགས་འབྲེལ་ཡོད་ཚན་པའི་རིགས་གཅིག་མཁས་པ་དང་དགེ་རྒན་ཆེ་མོ་བ་གདན་འདྲེན་ཞུས་ཏེ། “ཀྲུང་ཡང་ས་བོན་ཚོད་ལྟ་ཁང་”དང་“ས་བོན་ཚན་རིག་ས་ཚིགས་”གཞི་རྟེན་དུ་བྱས་ཏེ“ས་བོན་གྱི་སྙིང་སྟོབས་”དེ་ཚན་རིག་སློབ་ཚན་དང་། ཚན་རིག་ཚོད་ལྟ། ཚན་རིག་འཚོལ་ཞིབ་བཅས་དང་མཉམ་འདྲེས་གང་ལེགས་ཀྱིས་གྲོ་མོ་རྫོང་སློབ་འབྲིང་གི་ཕྲུ་གུ་ཚོའི་ཕུགས་བསམ་ལ་ཚན་རིག་གི་གཤོགས་ཟུང་བསྒར་ཡོད།

ཧྥུ་ཏན་སློབ་གྲྭ་ཆེན་མོའི་སྨན་རྫས་སློབ་གླིང་གི་དགེ་རྒན་ཆེ་མོ། 《བོད་ལྗོངས་ཕག་རིའི་སྤང་རྒྱན་མེ་ཏོག་དང་སྡོང་རྐང་གི་གྲུང་གཤིས་བསྡུར་བ་དང་དེ་བཞིན་ཐོན་ཁུངས་རྒྱུན་མཐུད་རུང་བའི་བེད་སྤྱོད་ཀྱི་འཚོལ་ཞིབ》ཞེས་པའི་ཞིབ་འཇུག་བྱ་གཞིའི་ཞིབ་འཇུག་མཛུབ་སྟོན་དགེ་རྒན་ལུའུ་ཡན་གྱིས། མི་རིགས་སྨན་རྫས་སློབ་ཁྲིད་ཀྱི་ཚན་ཞིབ་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས“ས་བོན་ཚན་སློབ་བོད་སྐྱོར”སྤྱི་ཕན་རྣམ་གྲངས་ནང་ཞུགས་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་སྐྱེས་བྱུང་། གྲོ་མོ་རྫོང་གི་གྲོགས་པོ་ཆུང་ཆུང་ཚོར་བོད་སྨན་ཞིབ་འཇུག་གསར་སྤེལ་གྱི་ཤེས་བྱ་བརྒྱུད་བསྒྲགས་བྱེད་པའི་བརྒྱུད་རིམ་ཁྲོད་ཕྲུ་གུ་ཚོའི་ཚན་རིག་དོན་གཉེར་གྱི་སྤྲོ་སེམས་དང་། ཡ་མཚན་པའི་བསམ་པ། འཚོལ་ཞིབ་ཀྱི་སྙིང་སྟོབས་བཅས་ཀྱིས་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། འབྱུང་འགྱུར་ཚན་རིག་ལ་དགའ་ཞེན་ཆེ་བའི་གྲོགས་པོ་ཆུང་ཆུང་དེ་བས་མང་བར་ཁྲིད་སྟོན་བྱས་ནས་མི་རིགས་སྨན་རྫས་རྒྱུན་འཛིན་གསར་གཏོད་ཀྱི་ལམ་བུ་གསལ་བར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号