བོད་ལྗོངས་ཀྱིས་ཡུལ་སྐོར་རྫོགས་ལྡན་དུས་ཚིགས་བསུས།

དབྱར་དུས་ནི་བོད་ལྗོངས་སུ་ཡུལ་སྐོར་བ་མང་བའི་དུས་ཡིན་ཞིང་། འདི་ལོ་བོད་ལྗོངས་ཀྱིས་ཡུལ་སྐོར་སྒྲིག་བཀོད་ལེགས་སུ་གཏོང་བ་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།    

སྤྱི་ཟླ་8པར།   ངོ་མཚར་དཔལ་གྱི་ཕྱུག་པའི་ཡར་འབྲོག་གཡུ་མཚོ་དང་ཕྱོགས་བཞིའི་སྟར་ལ་རྒྱུད་འདྲའི་བརྗིད་ཉམས་ལྡན་པའི་རི་བོ་དག་ནི་རི་མོ་མཁན་གྱི་པིར་རྩེ་ནས་འཁྲུངས་པའི་མཛེས་ལྗོངས་ཤིག་དང་གཉིས་སུ་མ་མཆིས།  མཛེས་ལྗོངས་ཁུལ་གྱིས་དབྱང་དབུགས་རྔུབ་ས་མང་དུ་གཏོང་བ་དང་བཟའ་འཐུང་གི་སྣེ་ཁ་མང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱ་ཆེའི་ཡུལ་སྐོར་བ་ཚོར་ཡུལ་སྐོར་དུ་འོང་བའི་སྐྱིད་ཚོར་དང་དགའ་ཚོར་དེ་བཞིན་སྟབས་བདེའི་རང་བཞིན་བཅས་ཆེ་རུ་བཏང་བས་མིག་སྔར་ཉིན་རེར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་8000ལས་བརྒལ་གྱི་ཡོད་པ་རེད། 

མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་བྱས་པ་དང་དུས་མཚུངས་བོད་ལྗོངས་ཀྱིས་ད་དུང་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ཡུལ་སྲོལ་གོམས་གཤིས་བཅས་ཟུང་འབྲེལ་གཏིང་ཟབ་བྱས་ནས་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་སྣ་ཚོགས་སྤེལ་བས་རྟ་རྒྱུག་འགྲན་བསྡུར་དང་། དབྱར་སྐྱིད་གླིང་ཁ་གཏོང་བ། དམངས་སྲོལ་མྱོང་རོལ་སོགས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་པའི་བྱེད་སྒོས་རྒྱ་ཆེའི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད།   

ཤེས་རྟོགས་བྱུང་བར་གཞིགས་ན།  ལོ་སྟོད་དུ་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2801ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15.57%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་286ཙམ་ཟིན་པ་དེ་དུས་མཚུངས་ལས་9.98%འཕར་ཡོད།     དེའི་ནང་ཡུལ་སྐོར་ཕྱི་དངུལ་ཡོང་འབབ་ཨ་སྒོར་ཁྲི་6310ཟིན་པ་དེ་དུས་མཚུངས་ལས་ལྡབ་4.5འཕར་ཡོད་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号