མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དགའ་སྟོན་མཛད་སྒོ་གཏེར་ལེན་ཁ་ནས་སྤེལ།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དགའ་སྟོན་མཛད་སྒོ་ཟླ8པའི་ཚེས8ཉིན་གཏེར་ལེན་ཁ་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས། ཀྲུང་དབྱང་གི་རྟེན་འབྲེལ་ཞུ་བའི་ཚོགས་པའི་ཚོགས་གཙོའམ་རྒྱལ་ཁབ་

མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་ཀྲ་ཞན་ཡིའུ་དང་། ཚོགས་གཙོ་གཞོན་པའམ་རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཁང་གི་ཀྲུའུ་རིན་ལི་དབྱང་ཏི་སོགས་དང་། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧང་ཀྲིག་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཅེ། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་བཅས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོའམ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཚོགས་གཙོ་གཞོན་པའམ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་སོགས་ཀྲུང་དབྱང་དང་ཞིང་ཆེན་གྱི་མགོ་ཁྲིད་མང་པོ་མཛད་སྒོར་ཞུགས།

སྤྲོ་སྣང་དང་ལྡན་པའི་རོལ་དབྱངས་ཀྱི་ཁྲོད་ནས་མཚོ་ནུབ་ཁུལ་གྱི་ལོ་ངོ70ཡི་འོད་སྟོང་འབར་བའི་གྲུབ་འབྲས་དང་རིགས་སོ་སོའི་བུ་བུ་མོ་རྣམས་ཀྱི་ཡར་བརྩོན་གྱི་སྣང་བརྙན་མཚོན་པའི་འཁྲབ་སྟོན་རུ་ཁག་རེ་རེ་ཚོགས་རར་འཛོམས་པ་དང་མཉམ་དུ་དགའ་སྟོན་གྱི་མཛད་སྒོ་དངོས་སུ་མགོ་བརྩམས་ཤིང་། རྔམ་བརྗིད་ལྡན་པའི་རྒྱལ་གླུ་དང་མཉམ་དུ་དམར་མདངས་བཀྲ་བའི་རྒྱལ་དར་མཐོ་རུ་བསྒྲེངས།

ཀྲ་ཞན་ཡིའུ་ཡིས་ཀྲུང་དབྱང་གི་རྟེན་འབྲེལ་ཞུ་བའི་ཚོགས་པའི་ཚབ་བྱས་ནས་མཚོ་ནུབ་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་། ཁུལ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག  སྲིད་ཁྲིམས་ཉེན་རྟོག་པ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པར་མ་ཟད། ལོ་ངོ70ཡི་རིང་དང་། ནང་སྒོས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ཆད་དུ་མཚོ་ནུབ་ཁུལ་གྱིས་བླངས་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཀྱི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་གནང་། ཁོས་མཚོ་ནུབ་ཁུལ་བཙུགས་ནས་ད་ལྟའི་བར་གྱི་འཕེལ་རྒྱས་ལས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནི་མི་རིགས་ས་ཁུལ་དར་རྒྱས་འབྱུང་བའི་རྩ་བའི་ཁག་ཐེག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་ཐབས་ལ་དགེ་མཚན་གཞན་ལས་ལྷག་པ་མཆིས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པར་དཀྱེལ་ཡངས་དང་ཆིག་སྒྲིལ་གྱི་ནུས་པ་ཆེན་པོ་ལྡན་པ་ར་སྤྲོད་གང་ལེགས་བྱས་ཡོད་པས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཞིག་ཡིན་པའི་ཆ་ནས། མཚོ་ནུབ་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་ཏུ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས་དང་སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། ཏང་གི་འཛུགས་སྐྲུན་བཅས་ཀྱི་གོ་རིམ་ཡོངས་སུ་བསྟར་དགོས་པ་དང་། མཚོ་ནུབ་ཁུལ་གྱི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འདྲེས་སུ་བཅུག་སྟེ། རིགས་སོ་སོའི་མང་ཚོགས་ལ་དེང་རབས་ཅན་གྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་པ་དང་མཉམ་དུ་འབྱོར་ཕྱུག་ལྡན་པར་བྱེད་དུ་འཇུག་དགོས་པའི་རེ་བ་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཏང་ཨུ་དང་དམངས་ཆེན། ཞིང་ཆེན་སྲིད་གཞུང་དང་སྲིད་གྲོས། ཞིང་ཆེན་དམག་ཁུལ་བཅས་ཀྱི་ཚབ་བྱས་ནས། དགའ་སྟོན་མཛད་སྒོར་ཕེབས་པའི་ཀྲུང་དབྱང་གི་རྟེན་འབྲེལ་ཞུ་བའི་ཚོགས་པའི་མགོ་ཁྲིད་དང་བློ་མཐུན། ཞིང་ཆེན་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས་ཤིང་། མཚོ་ནུབ་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་དམག་དཔུང་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་གི་དཔོན་དམག  དེ་མིན་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་རྣམས་ལ་འཚམས་འདྲི་བྱས། ཁོས་བསྟན་དོན། ལོ་ངོ70ཡི་རིང་ལ། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྣང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག  མཚོ་ནུབ་ཁུལ་གྱི་སྐབས་རིམ་བྱུང་གི་ཏང་ཨུ་དང་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་དམ་པོ་བྱས་ཏེ། དཀའ་སྤྱད་འབད་བརྩོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་ཆེན་པོ་བསྐྲུན། ནང་སྒོས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ཆད་དུ། མཚོ་ནུབ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་ཞིང་། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ལ། ཐོན་ལས་ཀྱི“གནས་བཞི”གང་མགྱོགས་ཀྱིས་འཛུགས་སྐྲུན་བྱས། དེ་བཞིན་དམངས་འཚོའི་ལས་དོན་ལ་ཡར་རྒྱས་ཆེན་པོ་བྱུང་ཞིང་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཡག་པོ་བསྐྲུན་པས། མཚོ་ནུབ་ཀྱི་ཕྱོགས་མཚམས་ཀུན་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཟེར།

དགའ་སྟོནམཛད་སྒོའི་ཡུལ་དངོས་སུ་ཀྲུང་དབྱང་གི་རྟེན་འབྲེལ་ཞུ་བའི་ཚོགས་པའི་ཚོགས་གཙོ་གཞོན་པའམ་རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཁང་གི་ཀྲུའུ་རེན་ལི་དབྱང་ཏིས《རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྟེན་འབྲེལ་གློག་འཕྲིན》སྒྲོག་འདོན་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པའི་དྲུང་ཡིག་ཆེན་མོའམ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུན་རིན་ཝུའུ་ཏི་ཅུན་གྱིས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་དམག་ཁུལ་བཅས་ཀྱི་རྟེན་འབྲེལ་འཕྲིན་ཡིག》སྒྲོག་འདོན་བྱས། མཚོ་ནུབ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་མིག་དབང་འཕྲོག་པའི་རིག་རྩལ་འཁྲབ་སྟོན་གྱི་ལྟད་མོ་དུས་ཆེན་གྱི་སྐྱེས་སུ་བཏེགས།

དགའ་སྟོན་མཛད་སྒོར་ད་དུང་ཀྲེ་ཅང་ཞིང་ཆེན་དང་རྒྱལ་ཁབ་པུའུ་ཨུའི་ཀྲུང་དབྱང་གི་ཁེ་ལས་ཁ་གཏད་རོགས་སྐྲུན་སྡེ་ཁག་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གི་མགོ་ཁྲིད་བློ་མཐུན། རྒྱལ་ཡོངས་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་དང་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་རིམ་པའི་མགོ་ཁྲིད་བློ་མཐུན་དང་སྐུ་མགྲོན་སོགས་ཀྱང་ཞུགས་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号