བོད་ལྗོངས་ཟངས་རི་རྫོང་གིས་རྒུན་འབྲུམ་ཐོན་ལས་དར་སྤེལ་བཏང་བ།

ཆ་སྙོམས་ས་བབ་སྨི3600ཟིན་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དུ་གཞི་ཁྱོན་ཆེ་བའི་རྒུན་འབྲུམ་འདེབས་འཛུགས་དེ་ཡར་ཀླུང་གཙང་བོ་འགྲམ་རྒྱུད་ཀྱི་ཐོན་མོང་མ་ཡིན་པའི་ཡུལ་ལྗོངས་ཞིག་ཏུ་གྱུར་ཞིང་། བསིལ་རླུང་གཡུགས་པ་དང་རྒུན་འབྲུམ་གྱི་དྲི་ཞིམ་མཁའ་དབུགས་ནང་དུ་ཡོངས་སུ་འཐུལ་པ་རེད།

འདི་ནི་ཟངས་རི་རྫོང་གི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་ཡིན།

ཡར་ཀླུང་གཙང་བོའི་གྲོག་རོང་གི་ཐུན་མོང་མ་ཡིན་པའི་ས་གཤིས་ཁོར་ཡུག་དང་གནམ་གཤིས་ཆ་རྐྱེན་ལ་བརྟེན་ནས། 2011ལོར་ཟངས་རི་རྫོང་གིས་ས་བབ་མཐོ་སའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་སྐྲུན་མགོ་བརྩམས་པ་དང་། 2014ལོར་འཛུགས་སྐྲུན་ཟིན་ནས་འཁོར་བསྐྱོད་ཐུབ་པ་བྱུང་བས་མིག་སྔར་རྫོང་ཡོངས་ཀྱི་རྒུན་འབྲུམ་འདེབས་འཛུགས་རྒྱ་ཁྱོན་མུའུ8500ཟིན་ཞིང་། འབྲས་བུ་སྨིན་རྗེས་སྔོན་དཔག་བྱས་ན2024ལོར་རྒུན་འབྲུམ་ཏུན3400ཐོན་རྒྱུ་དང་། རྒུན་ཆང་དམ་བེ་ཁྲི113བསྙལ་ཐུབ་པས་རྒུན་འབྲུམ་ར་བའི་སྤྱི་ཐང་སྒོར་དུང་ཕྱུར2.29ཟིན་རྒྱུ་རེད།

འདི་ནི་རྒུན་འབྲུམ་ར་བའི་རྒུན་འབྲུམ་སྨིན་པའི་ཚུལ་ཡིན།

ཟངས་རི་རྫོང་དུ་རྒུན་འབྲུམ་ཐོན་ལས་དར་སྤེལ་བྱུང་བ་དེས་ཞིང་ལས་དེང་རབས་ཅན་གྱི་ལེའུ་གསར་བ་བརྩམས་པ་མ་ཟད། གྲོང་གསེར་དར་སྤེལ་གྱི་གཞི་འཛིན་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་ཏུ་ས་བབ་ཆེས་མཐོ་ས་ནས་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་བཙུགས་པ་དེས་སྤྱི་ཚོགས་ཕན་ནུས་དང་སྐྱེ་ཁམས་ཕན་ནུས་ཐོབ་ཡོད་པས་རྒུན་འབྲུམ་གྱི་ཡལ་གལ་རང་བཞིན་རྒྱས་པ་རེད།

འདི་ནི་ཡུལ་སྐོར་པ་ཞིག་གིས་རྒུན་འབྲུམ་བཏོག་བཞིན་པའི་ཚུལ་རེད།

ཟངས་རི་རྫོང་རོང་ཧྲུན་ཕེ་ཏྲོ(དག་གཙང)གཞིས་ཀ་ཚད་ཡོད་ཀུང་སིའི་ཕྱིར་འཚོང་ཅིང་ལི་དབྱང་ཁྲེང་གིས། ཁོ་ཚོས་ས་གནས་ཁྱིམ་ཚང625མང་ཚོགས2070ལ་ཆེད་དོན་གསོ་སྦྱོང་བྱས་པ་མ་ཟད། ཡུན་རིང་བའི་ལས་ཞུགས་ལས་གནས60མཁོ་འདོན་བྱས་པ་དེས་མཐའ་འཁོར་གྱི་གྲོང་ཚོ10ལ་ཕན་ཐོགས་པ་དང་། ཡང་མང་ཚོགས་ཀྱིས་ས་གནས་ནས་ལས་ཞུགས་ཐུབ་པར་གྱུར། གཞན་ཡང་ཞིང་ཁྱིམ་གླིང་དང་རྒུན་འབྲུམ་ར་བ་ནས་རྒུན་འབྲུམ་བཏོག་པ་སོགས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་ཟེར།

རྒུན་འབྲུམ་རྟེན་གཞི་ཡིས“ས་གཏིང་ཟབ་ཅིང་ས་ཁ་ནས་འདེབས་འཛུགས”བྱེད་པའི་ཐབས་ལམ་གྱིས་སྔོན་ཆད་ཀྱི་ཐང་རྒོད་དང་ས་སྒང་། ས་རྒོད་སོགས“བྱེ་ཐང་གི་སྤང་ལྗོངས”སུ་སྒྱུར་བས་ས་གནས་ཀྱི་ལྗང་སྒྱུར་རྒྱ་ཁྱོན་འཕར་སྣོན་བཏང་བ་མ་ཟད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་བཅོས་སུ་བཏང་།

མ་འོངས་པར། ཟངས་རི་རྫོང་གིས་བོད་ལྗོངས་ཕྱི་རོལ་གྱི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ཉམས་མྱོང་འདོན་སྤེལ་གང་ལེགས་བྱེད་པའི་རྨང་གཞི་སྟེང་རྫོང་ཡོངས་ཀྱི་རྒུན་འབྲུམ་ཐོན་ལས་སྦྲེལ་ཐག་གི་གནད་འགག་སོ་སོ་གཅིག་གྱུར་ཇུས་འགོད་བྱས་ནས། ཧུར་ཐག་གིས་རྒུན་འབྲུམ་ཐོན་ལས་དང་རིག་གནས་ཡུལ་སྐོར། གྲོང་གསེབ་དར་སྤེལ་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号