ང་ཚོའི་ཁྱིམ་གཞིས། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་། ཐང་རྒོད་སྔོ་ལྗང་དུ་བསྒྱུར། 

ཉེ་ཆར། “ང་ཚོའི་ཁྱིམ་གཞིས། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་”ཞེས་པའི་དྲ་རྒྱའི་བརྗོད་དོན་བྱེད་སྒོའི་བཅར་འདྲི་ཚོགས་པ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡབ་ཆུས་སུ་གནས་པའི་རྒྱལ་ཁབ་ཀྱི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་བསྐྱོད་ནས“གངས་ལྗོངས་འབྲི་ཆུའི་ལྷོ་རྒྱུད”ཀྱི་རང་བྱུང་མཛེས་ལྗོངས་ཉམས་ལེན་དང་འདམ་རའི་སྣོད་བཅུད་སྲུང་སྐྱོང་བྱས་ཚུལ་ཆ་རྒྱུས་བླངས་པ་རེད།

ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་།

ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དེ་ཡར་ཀླུང་གཙང་པོ་དང་ཉང་ཆུ་འདྲེས་མཚམས་སུ་གནས་པ་དང་། རྒྱ་ཁྱོན་བསྡོམས་འབོར་ལ་སྤྱི་ཆིང6973.44ཡོད་ཅིང་། འདམ་རའི་སྤྱི་གླིང་གི་ཆུ་ངོས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2920ཡོད་པ་རེད།

ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྲུང་སྐྱོབ་དང་ཉམས་གསོ། ལྟ་ཞིབ་ཚད་ལེན་སོགས་བྱ་ཐབས་ལ་སྐུལ་འདེད་ཧུར་ཐག་བཏང་བས། དེ་སྔ་ཐང་རྒོད་གྲམ་ཐང་ཡིན་པའི་ཡར་ཉང་དེ་ད་ཆ་རྒྱལ་ཁབ་ཀྱི་འདམ་ར་སྔོ་ལྗང་དང་ཤིང་སྡོང་རབ་ཏུ་རྒྱས་ནས། ས་མཐོའི་སྐྱེ་ཁམས་ཀྱི་མཛེས་སྡུག་ཏུ་བསྒྱུར་ཡོད། ད་ཆ་འདམ་རའི་སྤྱི་གླིང་དུ་ཆུ་ཆེན་དང་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་ཤིང་། རྩི་ཤིང་གི་རིགས534དང་རི་སྐྱེས་སྲོག་ཆགས་རིགས234ཙམ་ཡོད། བྲག་ཡིབ་ཆུས་ནགས་ཚལ་ཅུས་ཀྱི་ཅུས་ཀྲང་གཞོན་པ། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཅང་ཝུན་ཐའོ་ཡིས“གོམ་སྟབས་རྗེས་མར། ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་རིག་ཁྱབ་གདལ་སློབ་གསོར་མུ་མཐུད་ཤུགས་སྣོན་བརྒྱབ་ནས། འདམ་ར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན”ཟེར།

ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་།

ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གས་ཡར་ཉང་འདམ་རའི་ཆུ་རྒྱུད་མཛེས་ལྗོངས་དང་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་ཐོག སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱེད་སྒོ་འཚམ་པོར་སྤེལ་བ་རེད། དེ་དང་ཆབས་ཅིག འདམ་རའི་དོ་དམ་སྲུང་སྐྱོབ་པ46སྒྲིག་འཛུགས་བྱས་ནས་རྒྱུན་གཏན་གྱི་སྐོར་གཡེང་སྲུང་སྐྱོབ་དང་། རི་སྐྱེས་སྲོག་ཆགས་རོགས་སྐྱོབ། གནས་སྤོས་སྲོག་ཆགས་ལྟ་ཞིབ་ཚད་ལེན། ཡུལ་སྐོར་བར་སྒྲོག་འགྲེལ། སྤྱི་གླིང་གི་མེ་ཟོན་སོགས་པའི་དོ་དམ་སྲུང་སྐྱོབ་ལས་དོན་སྤེལ་བ་རེད།

ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号