ད་ལོའི་འཕང་འབྲས་བཏོག་པའི་ངལ་རྩོལ་བའི་གཞི་ཁྱོན་མི་ཐེངས་ཁྲི7.4ལ་སླེབས།

གསར་འགོད་པས་ཉེ་ཆར་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་གསལ་ལྟར་ན། ད་ལོའི་འཕང་འབྲས་བཏོག་པའི་ངལ་རྩོལ་བའི་གཞི་ཁྱོན་མི་ཐེངས་ཁྲི7.4ལ་སླེབས་པ་དང་། ངལ་རྩོལ་ཡོང་སྒོ་སྒོར་དུང་ཕྱུར5.5ཡན་མངོན་འགྱུར་བྱུང་། 

“ཚྭ་འདམ་གཞོང་གི་འཕང་འབྲས་བཏོག”པའི་ངལ་རྩོལ་ཟོང་རྟགས་ཇེ་ལེགས་སུ་གཏོང་ཆེད། “མཚོ་སྔོནeལས་ཞུགས”ཟོང་རྟགས་གསར་སྐྲུན་ལ་སྐུལ་འདེད་བཏང་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གནས་སྤོར་ལས་ཞུགས་གཞི་ཁྱོན་གཏན་འཇགས་རྒྱ་བསྐྱེད་བྱས་པ་དང་། ཞིང་ཆེན་མི་དོན་ཐིང་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སྔ་མོ་ནས་འཆར་འགོད་བཀོད་སྒྲིག་བྱས་པ་དང་། འཕང་འབྲས་འདེབས་འཛུགས་ཁེ་ལས་རྩ་འཛུགས་བྱས་ཏེ་སྔ་མོ་ནས་ཐོན་ཚད་ལ་རྟོག་ཞིབ་དང་། ལས་བཀོལ་དགོས་མཁོར་བལྟས་ནས། ཟི་ལིང་དང་མཚོ་ཤར་སོགས་ཀྱི་མི་དོན་སྡེ་ཁག་དང་དུས་མཉམ་དུ་ཞིང་སྡེའི་མང་ཚོགས་ཀྱི་ཁྲོད་དུ་འཕང་འབྲས་ཐོན་ཁུལ་གྱི་ལས་བཀོལ་བརྡ་འཕྲིན་ཁྱབ་བསྒྲགས་བྱས་ནས། ངལ་རྩོལ་ཚབ་གཉེར་བའི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། ས་གནས་ཀྱི་ངལ་རྩོལ་ནུས་ཤུགས་མཚོ་ནུབ་དུ་འཕང་འབྲས་བཏོག་པའི་ལས་ཀ་གཉེར་དུ་འགྲོ་བར་སྐུལ་སློང་བྱས་པ་དང་། 2024ལོའི་ཚྭ་འདམ་གཞོང་གི་འཕང་འབྲས་བཏོག་པའི་ངལ་རྩོལ་སྦྲེལ་མཐུད་གླེང་མོ་བྱ་འགུལ་དང་། ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་འོས་སྦྱོར་ཚོགས་འདུའི་ཉིན་མོ་དེར། ངལ་རྩོལ་བ་མི་ཁྲི1.2ལྷག་དང་འདོད་བློ་གཅིག་མཐུན་བྱུང་བ་དང་། “ཚྭ་འདམ་གཞོང་གི་འཕང་འབྲས་བཏོག་པའི”ངལ་རྩོལ་ཟོང་རྟགས་ལས་ཞུགས་ཕན་འབྲས་མངོན་གསལ་དུ་བཏང་། 

ཞིང་ཆེན་མི་དོན་ཐིན་གྱི་འབྲེལ་ཡོད་འགན་ཁུར་བའི་མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། རིམ་པ་སོ་སོའི་མི་དོན་སྡེ་ཁག་གིས་ངལ་རྩོལ་ཟོང་རྟགས་འཕེལ་རྒྱས་སྤུས་ཚད་མཐོར་འདེགས་དེ་མཐོ་ས་དང་། “གནས་བཞི”འཛུགས་སྐྲུན་བྱེད་པ། གྲོང་གསེབ་དར་སྤེལ་དང་རོང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་བསྣོན་བྱེད་པའི་ཐབས་ལམ་ཞིག་ཏུ་གསར་སྐྲུན་བྱས་པ་དང་། འཕང་འབྲས་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནས་ས་ཁུལ་དང་གནད་འགག་གོ་རིམ་ལ་དམིགས་ནས། ལས་བཀོལ་འགན་སྲུང་སྲིད་ཇུས་མུ་མཐུད་ནས་འཐུས་ཚང་དང་། ཁྲིད་སྟོན་ཞབས་ཞུ་ཇེ་དྲག་ཏུ་བཏང་ནས། སྟོབས་ཤུགས་ཡོད་རྒུས“ཚྭ་འདམ་གཞོང་གི་འཕང་འབྲས”ཀྱི་ངལ་རྩོལ་ཟོང་རྟགས་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་མཉམ་སྐུལ་ལ་སྐུལ་འདེད་བཏང་། “ལོ་ལྔའི་འཆར་གཞི་བཅུ་བཞི”བའི་རིང་ལ། “ཚྭ་འདམ་གཞོང་གི་འཕང་འབྲས་བཏོག་པའི”ངལ་རྩོལ་ཟོང་རྟགས་ཀྱིས་རོང་འབྲོག་དམངས་ཀྱི་ངལ་རྩོལ་བ་མི་ཐེངས་ཁྲི21ཡན་ལ་སྣེ་ཁྲིད་བྱས་པ་དང་། ངལ་རྩོལ་ཡོང་སྒོ་སྒོར་དུང་ཕྱུར16ལས་བརྒལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号