ཁྲོན་བོད་དང་མཚོ་བོད་གཞུང་ལམ་གཉིས་ཤར་གཏོང་བྱས་ནས་ལོ་འཁོར70ལོན་པ།

འདི་ནི་པེ་ཅིན་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་ནག་ཆུ་ལམ་དུམ་ནད་ལྷ་སའི་བར་གྱི་ལམ་དུམ་ཡིན།

ད་ལོ་ནི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་བྱས་ནས་ལོ་འཁོར70ལོན་པའི་དུས་ཡིན་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལམ་གཉིས”སྐྲུན་ནས་ལོ་འཁོར60ལོན་སྐབས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ“ལམ་གཉིས”དགོངས་པ་དར་སྤེལ་གཏོང་དགོས་ཞེས་གསུངས་པའི་ལོ་འཁོར10ལོན་པ་ཡིན། 

2014ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་མཚོ་བོད་གཞུང་ལམ་འཛུགས་སྐྲུན་ཟིན་ནས་ལོ་འཁོར60ལོན་དུས་མཆན་བཀོད་གལ་ཆེན་གནང་སྟེ་བསྟན་དོན། རྣམ་པ་གསར་བའི་འོག་ཏུ་མུ་མཐུད་དུ“ལམ་གཉིས”དགོངས་པ་དར་སྤེལ་བཏང་ནས་ལམ་གཉིས་ལ་བདག་སྐྱོང་ཡག་པོ་དང་། ཤར་གཏོན་འགན་ལེན་གང་ལེགས་བྱས་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ནམ་ཡང་མི་རིགས་མཐུན་སྒྲིལ་བགྲོད་ལམ་དང་བོད་ལྗོངས་དཔལ་ཡོན་ཡར་རྒྱས་བགྲོད་ལམ། བོད་ལྗོངས་ཀྱི་མི་རིགས་སོ་སོ་ཐུན་མོང་ཕྱུག་འགྱུར་ཡོང་བའི་བགྲོད་ལམ་དུ་གཏོང་དགོས་ཞེས་གསུངས།

ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་བྱས་པ་དེས་བོད་ལྗོངས་ཀྱི་འཕེལ་རྒྱས་བརྟན་བརླིང་ཐད་ནུས་ཤུགས་ལྡན་པའི་འགྲིམ་འགྲུལ་རྒྱབ་སྐྱོར་མཁོ་འདོན་བྱས་པ་དང་། རིགས་སོ་སོའི་ལས་བྱེད་ཤེས་ལྡན་མི་སྣ་མཐོ་སྒང་དུ་བསྐྱོད་དེ་བྱ་གཞག་སྐྲུན་པ་དང་བྱས་རྗེས་བཞག ས་ཆ་སོ་སོས་བོད་ལྗོངས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་དངོས་ཟོག་ལམ་དེ་གཉིས་བརྒྱུད་ནས་ཐོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་ཀྱི་མི་རིགས་སོ་སོའི་མགོ་ཁྲིད་དེ་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོ་བཅོས་སྒྱུར། བོད་རང་སྐྱོང་ལྗོངས་བཙུགས་པ། བཅོས་སྒྱུར་སྒོ་འབྱེད་བཅས་ཀྱི་དོན་ཆེན་ཉམས་སུ་མྱངས། ལོ་ངོ་བཅུ་ཕྲག་རིང་ལ་ལོ་ངོ་སྟོང་ཕྲག་བརྒལ་བའི་མི་ཡུལ་གྱི་ངོ་མཚར་བསྐྲུན། ལོ་ངོ70རིང་ལ“ལམ་གཉིས”ནི་ནམ་ཡང་བོད་ལྗོངས་ཀྱི་དཔལ་འབྱོར་སྲོག་ཤིང་ལྟ་བུ་ཡིན་པས་ད་ལྟའི་བར་དུ་བོད་ཕྱི་རོལ་དུ་བསྐྱོད་པའི་རླངས་འཁོར90%ཡན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་འགན་ཁུར་བཞིན་ཡོད།

2012ལོར། ཁྲོན་བོད་གཞུང་ལམ་ཐང་མེད་ལམ་དུམ་ལེགས་བཅོས་རྣམ་གྲངས་དེ་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”གཙོ་གནད་ལས་གཞི་བྱས་ནས་དངོས་སུ་མགོ་ཚུགས་པ་དང་། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར15ཟིན་པ་རེད།

2015ལོའི་ཟླ12པར་ཐང་མེད་ཟམ་ཆེན་དངོས་སུ་ཤར་གཏོང་བྱས་པ་དང་། ཟམ་ཆེན་ནི་འཕྱངས་ཟམ་རྣམ་པ་ཡིན་པས་རིང་ཚད་ལ་སྨི256དང་ཞང་ཚད་ལ་སྨི12། ཟམ་སྟེགས་ཀྱི་མཐོ་ཚད་སྨི59.5ཟིན་པས་རྣམ་པ་རྒྱལ་ཡོངས་ནས་མཐོང་དཀའ་བ་ཡིན།

2016ལོའི་ཟླ4པའི་ཚེས13ཉིན། ཕུག་ལམ102དང་། འཕུར་རྡོ་བྲག་ཕུག་ལམ། སྟག་མོ་ཁའི་ཕུག་ལམ། བྲག་ལུང་ཕུག་ལམ1། བྲག་ལུང་ཕུག་ལམ2པ་དང་ཐང་མེད་ཟམ་ཆེན་སོགས་གཙོ་བོར་འཛིན་པའི་ཁྲོན་བོད་གཞུང་ལམ་ཐང་མེད་ལམ་དུམ་ལེགས་བཅོས་རྣམ་གྲངས་དངོས་སུ་རླངས་འཁོར་ཤར་གཏོང་བྱས་པ་དེ་རྒྱལ་ལམ318ཁྲོན་བོད་གཞུང་ལམ་བོད་ལྗོངས་མངའ་ཁོངས་ཀྱི་ལམ་དུམ་ནག་པོ་ཅན་དུ་སྒྱུར་བར་ཡོངས་སུ་རྫོགས་པ་མཚོན།

དེ་ནས་སྤྱིའི་རིང་ཚད་ལ་སྤྱི་ལེ14ཡོད་པའི་ཐང་མེད་རང་གྲུབ་འགག་བཙན་ལོ་རྒྱུས་དང་ཁྲོན་བོད་གཞུང་ལམ་གྱི་དཀའ་ཁག་ལྡན་པའི་ལམ་དུམ་དུ་གྱུར་བའི་རྣམ་པ་མཇུག་རྫོགས་ནས་ཤར་གཏོང་ཐད་ཀྱི་བཀག་འགོག་ཐམས་ཅད་སེལ་པ་རེད། དེ་ཡང་ཤར་གཏོང་དུས་ཚོད་ཡོངས་སྔོན་ཆད་ཀྱི2ལྷག་ནས་སྐར་མ20རུ་གྱུར།

གཏིང་ཟབ་པའི་ལོ་རྒྱུས་རིག་གནས་དང་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་ཀྱིས་མལ་གྲོ་གུང་དཀར་རྫོང་གིས་ཐུན་མོང་མ་ཡིན་པའི་ཡུལ་སྐོར་རྣམ་པ་བསྐྲུན་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཡང་ས་གནས་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བའི་སྒུལ་བྱེད་དུ་གྱུར། ལྷ་ས་དང་སྤྱི་ལེ70བར་ཐག་ཡོད་པའི་ཁྲོན་བོད་གཞུང་ལམ་སྟེང་གི་རྫོང་ཁོངས་གཙོ་བོ་དེ་ཡང་དུས་རབས་ཀྱི་གོམས་སྟབས་དང་བསྟུན་ནས་ཡུལ་སྐོར་ལས་རིགས་དར་ཞིང་རྒྱས་པ་རེད།

སྔོན་ཆད། བོད་ལྗོངས་ནི་རྒྱང་རིང་གི་གངས་ལྗོངས་མཐོ་སྒང་ཡིན་པ་དང་། ད་ལྟ་ཁྲོན་བོད་དང་མཚོ་བོད། ཞིན་ཅང་ནས་བོད་ལྗོངས་དང་ཡུན་ནན་ནས་བོད་ལྗོངས་བར་གྱི“རྒྱལ་ཁབ་ལམ་ཆེན”ལྷ་ས་རུ་ཤར་གཏོང་བྱས་ཤིང་། མཚོ་བོད་ལྕགས་ལམ་ནི་འབྲུག་ཆེན་འཁྱུད་པ་བཞིན་དང“བསྐྱར་དར་རྟགས་ཅན”མཐོ་སྒང་དུ་རྒྱུ་པ། “བར་སྣང་གི་གསེར་ཟམ”ཕྱོགས་བཞིར་ཤར་གཏོང་བྱས་པས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་རྣམས་བོད་ལྗོངས་ལྷ་ས་རུ་ཡོང་ནས་མཐོ་སྒང་གི་མཛེས་ལྗོངས་ལ་རོལ་མྱོང་བྱེད་བཞིན་ཡོད།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོ་ནི་རྒྱལ་ལམ318འགྲམ་རྒྱུད་དུ་ཆགས་པ་དང་། ཁམ་བུའི་མེ་ཏོག་དུས་ཆེན་རྐྱེན་གྱིས་མིང་དུ་གྲགས་པ་རེད། ལོ་རེའི་དཔྱིད་ཟླ་གསུམ་པ་བཞི་བ་གྲོང་ཚོ་དེས་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་དུས་ཚིགས་བསུས་ཤིང་། གྲངས་ལས་འདས་པའི་ཡུལ་སྐོར་པ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་གནས་དེར་འཛོམས་ནས་རི་ཀླུང་ཀུན་གྱི་ཁམ་བུའི་མེ་ཏོག་ལ་གཟིགས་པ་རེད།

ཀ་ལ་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེ་ཡིས“ཕྱུག་པོ་འགྱུར་འདོད་ན་ཐོག་མར་ལམ་ལས་དགོས། ཉེ་བའི་ལོ་ཤས་རིང་རྒྱལ་ལམ318མུ་མཐུད་དུ་ལེགས་བཅོས་རིམ་སྤར་བྱས་པ་བརྒྱུད། ལྷག་པར་དུ་ལྷ་ས་ནས་ཉིང་ཁྲི་བར་གྱི་མཐོ་རིམ་གཞུང་ལམ་ཤར་གཏོང་བྱས་རྗེས་ང་ཚོ་གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་རུ་གྱུར་བས་སྔར་ལས་མང་བའི་ཡུལ་སྐོར་པ་གནས་འདིར་ཡོང་ཞིང་ཁམ་བུའི་མེ་ཏོག་གི་དཔལ་འབྱོར་སྔར་ལས་དར་སྤེལ་བཏང”ཞེས་བརྗོད།

གཞི་གྲངས་ལས་མངོན་པ་ལྟར་ན། 2023ལོར་བོད་ལྗོངས་ཀྱིས་བསྡོམས་པས་ཡུལ་སྐོར་པ་སྣེ་ལེན་ཚད་མི་ཐེངས་ཁྲི5500ལས་བརྒལ་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར650ཟིན་པ་དང་། ཡུལ་སྐོར་སྣེ་ལེན་མི་ཐེངས་དང་ཡོང་འབབ་ལོ་རྒྱུས་ནང་གི་མཐོ་རིམ་སླེབས། 2024ལོར་བོད་ལྗོངས་ཀྱིས་རིག་གནས་ཡུལ་སྐོར་ཁམས་གསོ་སོགས་ཀྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། G318དངG219 ། G349སོགས་ལམ་ཐིག་གི་ཡུལ་སྐོར་ཆ་འགྲིག་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་ལྗོངས་ཁུལ་རྩེ་གྲ10བཏོད་པ་དང་ཁྱད་ལྡན་གྲོང་གསེབ15ལེགས་བཅོས་དང་རིམ་སྤར་བྱས།

2023ལོའི་ལོ་མཇུག་བར་དུ་བོད་ལྗོངས་ཡོངས་སུ་གྲོང་གསེབ་རླངས་འཁོར་ཤར་གཏོང་བྱེད་ཚད་སྤྱི་ལེ་ཁྲི9.3ཟིན་ནས། ཆ་རྐྱེན་འཛོམས་པའི་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོའི་ཤར་གཏོང་བྱེད་ཚད་ཆ་སྙོམས་ཀྱིས100%སླེབས་པ། ཤར་གཏོང་བྱེད་ཚད་སོ་སོར95.55%དང82.6%ཟིན་པ། ཆ་རྐྱེན་འཛོམས་པའི་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ་ཡོངས་སུ་རླངས་འཁོར་ཤར་གཏོང་བྱས་པ་དང་། གྲོང་རྡལ་དང་སྲིད་འཛིན་གྲོང་ཚོའི་རླངས་འཁོར་ཤར་གཏོང་ཚད་སོ་སོ91.43%དང71.55%ཟིན་ནས། བསྡོམས་པས་རོང་འབྲོག་མང་ཚོགས་ལས་ཞུགས་མི་ཐེངས་ཁྲི7.5ཟིན་ནས་ཡོང་སྒོ་སྒོར་དུང་ཕྱུར21བསྐྲུན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号