ཞོ་སྟོན་འཁྲུག་ཆ་དོད་པ། རྟ་རྩལ་དེ་ལས་འཁྲུག་པ།

དེ་ཡང་།  སྤྱི་ཟླ8པའི་ཚེས5ཉིན།  སྤྱི་ལོ2024ལོའི་བོད་ལྗོངས་ལྷ་སའི་ཞོ་སྟོན་གྱི་རྟ་རྩལ་དང་རྟ་རྒྱུག་འགྲན་བསྡུར་དེ་ལྷ་ས་གྲོང་ཁྱེར་རྟ་རྒྱུག་ཐང་དུ་འགོ་ཚུགས་པ་རེད།  བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་།  བོད་ལྗོངས་ཀྱི་མི་རིགས་ལུས་རྩལ་དེ་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཐུབ་པ་དང་།  ལོ་རྒྱུས་དང་ད་ལྟ་ཕན་ཚུན་འོད་མདངས་འཕྲོ་བར་བྱེད་པའི་ཐུན་མིན་ཡིད་དབང་འཕྲོག་ཤུགས་མངོན་ཆེད།  ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་ཞོ་སྟོན་གྱི་རྟ་རྩལ་འཁྲབ་སྟོན་དེ་རྟ་རྒྱུག་འགྲན་བསྡུར་གྱི་ཚོགས་ཆེན་ཞིག་ཏུ་རིམ་སྤར་བྱས་འདུག

རྟ་རྒྱུག་ལ་དགའ་དད་ཆེ་བའི་ལྷ་སའི་གྲོང་མི་དང་ཡུལ་སྐོར་བ་རྣམས་ཞོགས་པ་སྔ་པོ་ནས་ལྷ་ས་རྟ་རྒྱུག་ཐང་དུ་ཡོང་ནས་ཞོ་སྟོན་རིང་རྟ་རྒྱུག་དང་རྟ་རྩལ་འཁྲབ་སྟོན་ལ་རོལ་རྒྱུ་ནི་སྔར་ནས་ད་བར་གྱི་གོམས་གཤིས་ལྟ་བུ་ཞིག་ལ་གྱུར་ཡོད།  དེ་ཉིན་རྟ་རྒྱུག་ཐང་དུ་ལྟད་མོ་བའི་མི་ཚོགས་ཀྱིས་ཁེངས་ཤིང་།  བོད་ལྗོངས་རྟ་རྩལ་རུ་ཁག་གི་འཁྲབ་སྟོན་རྣམ་གྲངས་རེ་རེ་མཇུག་སྒྲིལ་རིམ་བཞིན་ས་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱིས་གནམ་ས་འགུལ་བར་བྱེད་ཅིང་།  ལྟད་མོ་བའི་བཞིན་ལས་དགའ་བའི་འཛུམ་མདངས་ཡང་ནས་བསྐྱར་དུ་འཕྱུར་བཞིན་ཡོད། 

ལོ་རེའི་ཞོ་སྟོན་རིང་།  མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་ཏེ། དཔེར་ན།  རྟ་ཐོག་ཞབས་བྲོ་དང་།  རྟ་ཐོག་མདའ་འཕེན།  རྟ་ཐོག་ནས་ཁ་བཏགས་སྒྲུག་པ་སོགས་འཁྲུག་ཆ་དོད་པའི་རྟ་རྩལ་འཁྲབ་སྟོན་གྱིས་ལྟད་མོ་བ་ཚོར་མིག་གི་ལོངས་སྤྱོད་བཤམས་པ་ཕུད། ད་དུང་ལྷ་སའི་ཉེ་འཁོར་གྱི་རྫོང་ཁག་དང་གྲོང་ཁྱེར་གཞན་དག་ནས་ཡོང་བའི་རྟ་ཕོས་རྒྱང་ཐག་སྨི3000དང་།  སྨི5000སོགས་ཀྱི་རྒྱུག་ཤེད་ངོམས་པས་ལྟད་མོ་བ་ཚོར་ཞོ་སྟོན་ངལ་གསོའི་རིང་དགའ་བ་དང་སྤྲོ་བ་གཞན་ཞིག་སྟེར་བཞིན་མཆིས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号