གཅན་ཚ་རྫོང་གིས་ད་ལོའི་འབྲུ་རིགས་གསོག་འཇོག་ལས་འགན་ཚད་བརྒལ་ལེགས་འགྲུབ་བྱུང་བ།

ཟླ8པའི་ཚེས5ཉིན་གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་གཅན་ཚ་རྫོང་གི་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི6.91ཟིན་ནས་ཁུལ་རིམ་པའི་གྲོ་ཞིབ་གྲབས་གསོག་ཏུན50དང་། རྫོང་རིམ་པའི་གྲོ་ཞིབ་གྲབས་གསོག་ཏུན140། འབྲས་ཏུན10 བཟའ་སྣུམ་ཏུན20བཅས་ཀྱི་བརྗེ་རེས་ལས་འགན་ཚད་བརྒལ་ལེགས་གྲུབ་བྱུང་ནས་འབྲུ་རིགས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས།

གཅན་ཚ་རྫོང་གིས་མཛོད་ཉར་རྣམ་གྲངས་འཛུགས་སྐྲུན་དང་འབྲུ་མཛོད་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཕྱོགས་གསུམ་པའི་འཕྲིན་གཏོང་ཀུང་སིར་མངགས་བཅོལ་བྱས་ཏེ་འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ཆ་འཕྲིན་ཅན་མ་ལག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་དང་འབྲེལ་ཞིང་ཆེན་གྱི་བློ་གྲོས་འབྲུ་མཛོད་ལྟ་སྐུལ་དོ་དམ་སྟེགས་བུ་དང་སྦྲེལ་མཐུད་བྱས་ཏེ་ལོ་སྟོད་དུ་འབྲུ་རིགས་བདེ་འཇགས་མ་དངུལ་སྒོར་ཁྲི30དོན་འཁྱོལ་བྱས་ནས་རྫོང་ཡོངས་ཀྱི་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་གསོག་ཉར་བྱེད་རིང་གྱོང་གུན་མི་ཕོག་པའི་འགན་ལེན་བྱས་པ་རེད། ད་ཡོད་ཀྱི་འཕྲལ་བསྟུན་མཁོ་སྤྲོད་དྲ་ཚིགས12དང་། གྲོ་ཞིབ་འཕྲལ་བསྟུན་ལས་སྣོན་བཟོ་གྲྭ1། འཕྲལ་བསྟུན་འགན་ལེན་ལྟེ་གནས1། སྡེབ་སྐྱེལ་ལྟེ་གནས1བཅས་ཀྱིས་སྲིད་ཇུས་རང་བཞིན་གྱི་འབྲུ་སྣུམ་གྲབས་གསོག་གི་འཕྲལ་བསྟུན་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་ཕུད། འབྲུ་སྣུམ་ཚོང་ཁང་གཉིས་དང་སྤྱི་ཚོགས་གྲབས་གསོག་གི་གྲོས་མཐུན་བཞག་ནས་ཉིན་རེར་ལས་སྣོན་ནུས་པ་ཏུན5དང་། ཉིན་རེར་མཁོ་སྤྲོད་ནུས་པ་ཏུན76། ཉིན་རེར་སྐྱེལ་འདྲེན་ནུས་པ་ཏུན10བཅས་འགན་ལེན་བྱས་པས་འབྲུ་རིགས་ཐོན་སྐྱེད་ནུས་པ་ཆེ་རུ་ཕྱིན་པ་དང་འབྲུ་རིགས་སོགས་དངོས་ཟོག་འཕྲལ་སྡོམ་སྐྱེལ་འདྲེན་ནུས་པ་དོན་འཁྱོལ་བྱས་ཡོད།

ཉེ་བའི་ལོ་ཤས་རིང་། གཅན་ཚ་རྫོང་གིས་འབྲུ་རིགས་ལས་དོན་དེ“ཞིང་གསུམ”ལས་དོན་གྱི་དོན་ཆེན་ཨང་དང་པོར་བརྩིས་ནས་འབྲུ་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་འབྲུ་རིགས་བདེ་འཇགས་ལས་དོན་གྱི་སྒྲིག་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རྨོ་འདེབས་བྱེད་མཁན་ལ་ཁེ་བཟང་གཉེར་བ་དང་། བཟའ་མཁན་ལ་བདེ་སྐྱིད་བསྐྲུན་པ། ལས་རིགས་པར་རམ་འདེགས་སྲུང་སྐྱེལ་བཅས་བྱས་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号